ཙན་པི་ཡའི་གཏེར་ཁུལ་ཞིག་ཏུ་བརྡིབས་པའི་དོན་རྐྱེན་ལས་མི8རྐྱེན་ལམ་དུ་ཤོར།
2024.10.31 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 10

ཚེས30ཉིན་ཙན་པི་ཡའི་ཉེན་རྟོག་ཕྱོགས་ཀྱིས་རྒྱལ་ཁབ་དེའི་དབུས་རྒྱུད་ཐུང་ཏའེ་ཞིང་ཆེན་ཆན་ཀི་ལ་ས་ཁུལ་གྱི་གཏེར་ཁུལ་ཞིག་གི་སྙིགས་རོ་གསོག་ས་དེ་ཉིན་དེའི་ནམ་གུང་བརྡིབས་ནས་མི8རྐྱེན་ལམ་དུ་ཤོར་བ་དང་མི2ལ་རྨས་སྐྱོན་ཕོག་ཡོད་ཟེར།

ཐུང་ཏའེ་ཞིང་ཆེན་ཉེན་རྟོག་ཅུའུ་ཡི་ཅུའུ་ཀྲང་མུའུ་ཝུན་པ་ཡིས་བཤད་རྒྱུར།  དོན་རྐྱེན་བྱུང་སྐབས་ཁྲིམས་འགལ་གྱི་གཏེར་ཁ་སྔོག་འདོན་བྱེད་མཁན་སྐོར་ཞིག་གིས་ཟངས་གཏེར་སྔོག་བཞིན་ཡོད་པ་དང་།  གཏེར་ཁ་སྔོག་འདོན་བྱེད་མཁན་སྐོར་ཞིག་ས་འོག་ཏུ་སྦས་ཡོད། དོན་རྐྱེན་དེསའི་དབང་གིས་མི8རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་ནས་མི6ནི་ཁྱིམ་ཚང་གཅིག་གི་མི་རེད་ཟེར།

ཙན་པི་ཡ་ནི་ཨ་ཧྥེ་རི་ཁའི་ཟངས་གཏེར་ཐོན་སྐྱེད་བྱེད་པའི་རྒྱལ་ཁབ་གལ་ཆེན་ཞིག་ཡིན་པ་དང་། ཆིན་ཀོ་ལའི་ས་ཁུལ་དུ་མཐོངས་ཡངས་ཟངས་གཏེར་ཆེན་པོ་ཡོད་པས་སྐད་གྲགས་ཆོད་པ་ཞིག་ཡིན། སྐབས་འདིར་ཙན་པི་ཡར་ཆར་ལྡན་དུས་ཚིགས་ཡིན་ལ་བཞའ་ཚན་ཆེ་བས་ས་ངོས་རྡིབ་པའི་ཉེན་ཆེན་པོ་ཡོད། གནས་ཚུལ་སྤེལ་བ་ལྟར་ན། ཁྲིམས་འགལ་ངང་གཏེར་ཁ་སྔོག་པའི་གནད་དོན་དེ་ཙན་པི་ཡའི་གཏེར་ཁུལ་དུ་ཅུང་ཡོངས་ཁྱབ་ཏུ་གནས་པ་དང་།  དགོས་ངེས་ཀྱི་སྲུང་སྐྱོབ་བྱ་ཐབས་མི་འདང་བའི་དབང་གིས་བདེ་ལས་འཛོལ་སྣ་ཚོགས་ཡང་ཡང་བྱུང་བཞིན་ཡོད་པ་རེད།

གཡང་འབུམ་རྒྱལ་གྱིས་བསྒྱུར།