ཀྲུང་གོར་སྡོད་པའི་ཁ་ན་ཏའི་གཞུང་ཚབ་ཆེན་མོའི་གཏམ་བཤད་པས་ཚེས30ཉིན་བསྟན་དོན། ཁ་ན་ཏའི་དྲ་རྒྱའི་བདེ་འཇགས་ལྟེ་གནས་ཀྱིས2025ལོ་ནས2026ལོའི་རྒྱལ་ཁབ་དྲ་རྒྱའི་འཇིགས་སྐུལ་དཔྱད་འཇོག་སྙན་ཞུ་ཁྱབ་བསྒྲགས་བྱས་པ་དེས་ཀྲུང་གོར་ཉེས་མེད་ཉེས་བཟོ་དང་འགན་འཁྲི་བདའ་འདེད་བྱས་ཤིང་། དེ་ནི་ཐོས་པ་ཙམ་གྱིས་བདེན་པར་འཛིན་པ་ཞིག་ཡིན་པས་གཞི་འཛིན་ས་གང་ཡང་མེད། ཀྲུང་གོའི་ཕྱོགས་ཀྱིས་མཐའ་གཅིག་ཏུ་ངོ་རྒོལ་བྱས་ཏེ་རྩ་བ་ནས་དང་ལེན་བྱེད་རྒྱུ་མིན་པར་བསྟན།
གཏམ་བཤད་པས་བཤད་རྒྱུར། ཀྲུང་གོ་ནི་དྲ་རྒྱའི་བདེ་འཇགས་ཀྱི་སྲུང་སྐྱོང་མཁན་ཡིན་པར་མ་ཟད། དྲ་རྒྱའི་མགོ་སྐོར་མཁན་དང་དྲ་རྒྱའི་འཇབ་རྒོལ་གྱི་གནོད་འཚེ་ཚབས་ཆེན་ཐེབས་པའི་རྒྱལ་ཁབ་ཀྱི་གྲས་ཀྱང་ཡིན། ཀྲུང་གོའི་སྲིད་གཞུང་གིས་མཐའ་གཅིག་ཏུ་ངོ་རྒོལ་བྱས་པར་མ་ཟད། ཁྲིམས་ལྟར་རྣམ་པ་སྣ་མང་གི་དྲ་རྒྱའི་འཇབ་རྒོལ་ལ་རྡུང་རྡེག་གཏོང་བ་དང་། རྒྱལ་ཁབ་དང་མི་སྒེར་གང་རུང་གིས་ཀྲུང་གོའི་རྒྱལ་ནང་དང་ཀྲུང་གོའི་རྨང་གཞིའི་སྒྲིག་ཆས་སྤྱད་ནས་དྲ་རྒྱའི་འཇབ་རྒོལ་སོགས་ཁྲིམས་འགལ་བྱ་སྤྱོད་སྤེལ་མི་ཆོག་ཟེར། ཀྲུང་གོའི་ཕྱོགས་ཀྱིས་བལྟས་ན། དྲ་རྒྱའི་བདེ་འཇགས་ནི་རྒྱལ་ཁབ་སོ་སོར་འཕྲད་པའི་ཐུན་མོང་གི་འགྲན་སློང་ཡིན་པས། གཙོ་འཛིན་རྒྱལ་ཁབ་སོ་སོས་གྲོས་མོལ་མཉམ་ལས་བརྒྱུད་དེ་དྲ་རྒྱའི་བདེ་འཇགས་འཇིགས་སྐུལ་ལ་མཉམ་དུ་ཁ་གཏད་འཇལ་དགོས་ཟེར།
གཏམ་བཤད་པས་བཤད་རྒྱུར། ཀྲུང་གོའི་ཕྱོགས་ཀྱིས་ཁ་ན་ཏ་ཕྱོགས་ཀྱིས་དྲ་རྒྱའི་བདེ་འཇགས་གནད་དོན་ཆབ་སྲིད་ཅན་དུ་འགྱུར་བ་དང་མི་ལེགས་པའི་ཕྱོགས་སུ་སྤེལ་བའི་བྱེད་ཐབས་ནོར་འཁྲུལ་ཅན་མྱུར་དུ་སྤེལ་མཚམས་འཇོག་པ་དང་། དྲ་རྒྱའི་བདེ་འཇགས་གནད་དོན་སྤྱད་ནས་ཀྲུང་གོར་དམའ་འབེབས་བྱེད་མཚམས་འཇོག་པར་སྐུལ་མ་གཏོང་རྒྱུ་ཡིན་ཟེར།
ལྷ་མོ་འཚོས་བསྒྱུར།