འཇར་མན་གྱིས་འཇར་མན་དུ་ཡོད་པའི་དབྱི་ལང་མངའ་དོན་ཁང་གི་སྒོ་བརྒྱབ།
2024.11.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

འཇར་མན་གྱི《ཧྥ་ལན་ཁི་ཧྥུའུ་སྙན་ཞུ》སོགས་སྨྱན་བྱད་མང་པོ་ཞིག་གིས་སྤེལ་བའི་གནས་ཚུལ་ལྟར་ན། འཇར་མན་གྱི་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་པེའར་པོ་ཁི་ཡིས་ཚེས31ཉིན་བཤད་རྒྱུར། འཇར་མན་དུ་ཡོད་པའི་དབྱི་ལང་གི་མངའ་དོན་ཁང་ཚང་མ་སྒོ་རྒྱག་ཏུ་བཅུག་ནས། རྒྱལ་ཁོངས་འཇར་མན་དང་དབྱི་ལང་གཉིས་ཀར་གཏོགས་པའི་སྐྱེས་པ་ཅཱ་མུའུ་ཞི་ཏེ·ཧྲའར་མ་ཧོ་ཏི་ལ་དབྱི་ལང་གིས་སྲོག་ཁྲིམས་བཅད་པར་རྒོལ་ལན་སྤྲད་པ་ཡིན་ཞེས་དངོས་སུ་ཁྱབ་སྒྲོག་བྱས།

དབྱི་ལང་ཕྱོགས་ཀྱིས་དེའི་ཐད་ལན་བྱིན་མེད།

འཇར་མན་སྨྱན་བྱད་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། སྒོ་བརྒྱབ་པའི་འཇར་མན་དུ་ཡོད་པའི་དབྱི་ལང་གི་མངའ་དོན་ཁང་གསུམ་པོ་སོ་སོ་ཧྥ་ལན་ཁི་ཧྥུའུ་དང་ཧན་པའོ། མུའུ་ཉིས་ཧེ་བཅས་སུ་ཡོད་ཅིང་། འཇར་མན་དུ་ཡོད་པའི་དབྱི་ལང་གི་གཞུང་ཚབ་ཆེན་མོ་ཁང་ལ་ཤུགས་རྐྱེན་ཐེབས་ཀྱིན་མེད་ཟེར།

དབྱི་ལང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཚེས་28ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཧྲའར་མ་ཧོ་ཏི་ལ་སྲོག་ཁྲིམས་བཅད་པ་དེ་ཉིན་དེ་རང་དུ་ལག་བསྟར་བྱས་པ་རེད། སྤེལ་བའི་གནས་ཚུལ་ལྟར་ན། ཧྲའར་མ་ཧོ་ཏིས་ལོ་ངོ་དུ་མའི་རིང་ལ། དབྱི་ལང་ལ་དམིགས་པའི་འཇིགས་སྐུལ་བྱེད་སྤྱོད་མང་པོར་ཇུས་འགོད་བྱས་པར་མ་ཟད། 2008ལོའི་དབྱི་ལང་ ལྷོ་རྒྱུད་གྲོང་ཁྱེར་ཧྲེ་ལ་ཙི་ཡི་དབྱི་སི་ལམ་ཆོས་ཁང་འབར་གས་བྱུང་བའི་དོན་རྐྱེན་དེའང་ཁོས་བཟོས་པ་རེད།

བན་དེ་སྐྱབས་ཀྱིས་བསྒྱུར།