ཝུའུ་ཡན་གྱིས་ཀྲུང་གུང་འཐུས་ཚབ་ཚོགས་པའི་སྣེ་ཁྲིད་ནས་ནི་ཀྲེ་རི་ཡར་འཚམས་འདྲི་བྱས།
2024.11.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 4

ཟླ10པའི་ཚེས29ཉིན་ནས་ཚེས30ཉིན་བར། སློབ་གསོ་པུའུ་ཡི་པུའུ་ཀྲང་གཞོན་པ་ཝུའུ་ཡན་གྱིས་ཀྲུང་གུང་འཐུས་ཚབ་ཚོགས་པའི་སྣེ་ཁྲིད་ནས་ནི་ཀྲེ་རི་ཡར་འཚམས་འདྲི་བྱས་ཏེ། ནི་ཀྲེ་རི་ཡའི་ཐུན་མོང་ཡར་ཐོན་ཚོགས་ཆེན་གྱི་རྒྱལ་ཡོངས་ཀྲུའུ་ཞི་ཀན་ཏུའུ་ཅེ་དང་། སློབ་གསོ་པུའུ་ཡི་རྒྱུན་ལས་དྲུང་ཡིག་ཆེན་མོ་ནཱ་ཞིས་འར་ལ་ཐུག་འཕྲད་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དྲིལ་སྒྲོག་གཏིང་ཟབ་བྱས་ནས། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱེད་པ་དང་། རྒྱལ་ཁབ་གཉིས་དང་ཏང་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ནས་བརྗེ་རེས་ཟབ་མོ་བྱས། ནི་ཀྲེ་རི་ཡ་ཕྱོགས་ཀྱིས་ཀྲུང་གོའི་འཕེལ་རྒྱས་ཀྱི་མདུན་ལྗོངས་ལ་གདེང་འཇོག་ཚད་མེད་གནང་བཞིན་ཡོད་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་བརྗེ་རེས་དཔེ་ལྟོས་ལ་ཤུགས་སྣོན་པ་དང་། སློབ་གསོ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད། 

ལྷ་མོ་འཚོས་བསྒྱུར།