ཟླ10བའི་ཚེས31ཉིན། ཁྲའོ་ཞེན་གྱིས་ཆེས་གསར་པའི “སྐར་མ་མིག་དམར་མེ་སྒྱོགས-19”རྟགས་ཅན་གྱི་གླིང་སྒྲོལ་མདེལ་ལམ་འཕུར་མདེལ་ཚོད་འཕེན་བྱས།
འདི་ནི་ཁྲའོ་ཞན་ཀྲུང་དབྱང་གསར་འགྱུར་ཁང་གིས་ཁྱབ་བསྒྲགས་བྱས་པའི་ཐེངས་འདིའི་ཚོད་ལྟའི་འཕེན་གཏོང་ལ་སྤྱད་པའི་འཕུར་མདེལ་སྐྱེལ་འདྲེན་འཕེན་གཏོང་རླངས་འཁོར་གྱི་པར་རིས་རེད།
གནས་ཚུལ་སྤེལ་བ་ལྟར་ན། ཚོད་འཕེན་བྱས་པའི་འཕུར་མདེལ་དེའི་མཐོ་ཚད་ནི་སྤྱི་ལེ7687.5ཡིན་པ་དང་། འཕུར་སྐྱོད་བར་ཐག་ནི་སྤྱི་ལེ1001.2རེད། འཕུར་སྐྱོད་དུས་ཚོད་ནི་སྐར་ཆ5156རེད། མཇུག་མཐར་སྔོན་ལ་གཏན་འཁེལ་བྱས་པའི་ཁྲའོ་ཞན་ཤར་རྒྱུད་ཀྱི་སྤྱི་མཚོའི་དམིགས་འབེན་ཆུ་ཁོངས་སུ་གནད་ལ་འཁེལ་བའི་སྒོ་ནས་བབས་པ
་དང་། ཚོད་འཕེན་བྱས་པ་དེས་མཐའ་འཁོར་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཤུགས་རྐྱེན་ངན་པ་ཅི་ཡང་བཟོས་མེད།
འདི་ནི་ཁྲའོ་ཞན་ཀྲུང་དབྱང་གསར་འགྱུར་ཁང་གིས་ཁྱབ་བསྒྲགས་བྱས་པའི་ཆེས་གསར་བའི་གླིང་མཐའི་མདེལ་ལམ་འཕུར་མདེལ་ལ་མེ་སྦར་ནས་མཁའ་དབྱིངས་སུ་འཕུར་བའི་པར་རིས་རེད།
གནས་ཚུལ་སྤེལ་བ་ལྟར་ན། ཐེངས་འདིར་ཚོད་འཕེན་བྱས་པ་དེས་ཁྲའོ་ཞན་གྱི་འཐབ་ཇུས་འཕུར་མདེལ་བཟོ་བའི་ནུས་པའི་ཟིན་ཐོ་གསར་པ་བཏོད་པ་དང་། ཁྲའོ་ཞན་གྱི་འཐབ་ཇུས་ཚོད་འཛིན་ནུས་པའི“དེང་རབས་རང་བཞིན་དང་བློ་གཏད་ཆོག་པའི་རང་བཞིན”མཚོན་ཡོད་པ་རེད།
ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་སྲིད་ཨུ་ཡོན་ཅིན་ཀྲིན་ཨིན་གྱིས་ཡུལ་དངོས་སུ་ཚོད་ལྟའི་གཏོང་འཕེན་གྱི་བྱེད་སྒོར་མཛུབ་སྟོན་བྱས་པར་མ་ཟད། ཐེངས་འདིར་ཚོད་ལྟ་བྱས་པ་དེས་དགྲར་འཛིན་ཕྱོགས་གཏོགས་ལ་ཁྲའོ་ཞན་གྱི་ཁ་གཏད་གཅོག་སེམས་གསལ་པོར་མཚོན་པར་བྱས། ཅིན་ཀྲིན་ཨིན་གྱིས་བཤད་རྒྱུར། ཉེ་ལམ་ས་ཁུལ་གྱི་གནས་བབ་ཛ་དྲག་ཏུ་ཕྱིན་ཡོད། ཐེངས་འདིའི་ཚོད་ལྟ་དེ་ནི“དགྲར་འཛིན་ཕྱོགས་གཏོགས་ལ་ང་ཚོས་ཁ་གཏད་གཅོག་པའི་འདོད་འདུན་གསལ་པོ་མཚོན་པའི་འོས་འཚམ་གྱི་དམག་དོན་བྱ་སྤྱོད”ཅིག་ཡིན་ལ། “ཁྲའོ་ཞན་གྱི་འཐབ་ཇུས་ཕར་རྒོལ་སྟོབས་ཤུགས་མུ་མཐུད་དུ་འཕེལ་རྒྱས་སུ་གཏོང་བར་ངེས་པར་དུ་བརྒྱུད་དགོས་པའི་ལམ་བུ་ཞིག་ཀྱང་ཡིན”ཞེས་བཤད།
འདི་ནི་ཁྲའོ་ཞན་ཀྲུང་དབྱང་གསར་འགྱུར་ཁང་གིས་ཁྱབ་བསྒྲགས་བྱས་པའི་ཅིན་ཀྲེན་ཨིན་གྱིས་ཡུལ་དངོས་སུ་ཚོད་ལྟའི་བྱ་འགུལ་ལ་མཛུབ་སྟོན་བྱས་པའི་པར་རིས་རེད།
ཅིན་ཀྲིན་ཨིན་གྱིས་ཡང་བསྐྱར་བཤད་རྒྱུར། ཁྲའོ་ཞན་གྱིས་དེང་རབས་ཅན་གྱི་འཐབ་ཇུས་ཀྱི་ཕར་རྒོལ་སྟོབས་ཤུགས་ལ་མུ་མཐུད་དུ་ཤུགས་བསྣན་ནས། ཉིང་རྡུལ་མཚོན་ཆར་ཁ་གཏད་གཅོག་པའི་རྣམ་པ་སྔར་ལས་འཐུས་ཚང་དུ་གཏོང་རྒྱུ་ཡིན་ཞིང་། “ཁྲའོ་ཞན་གྱིས་ཉིང་རྡུལ་མཚོན་ཆ་ཤུགས་ཆེར་གཏོང་བའི་ལམ་ཕྱོགས་ལ་འགྱུར་ལྡོག་གཏན་ནས་གཏོང་མི་སྲིད”ཟེར།
གཡང་འབུམ་རྒྱལ་གྱིས་བསྒྱུར།