ཨ་རིས་དམའ་འབེབས་ཡང་ཡང་བྱས་པར་ཐེངས་འདིར་ཀྲུང་གོའི་འཐུས་མིས་སྔོན་ལ་ཕར་རྒོལ་བྱེད་རྩིས་ཡོད་པ།
2024.11.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 13

མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་ཚབ་གཞོན་པ་ཀིན་ཧྲོང་གིས་ཟླ10བའི་ཚེས31ཉིན།བདེ་འཇགས་ལས་འཛིན་ལྷན་ཚོགས་ནས་ཝུའུ་ཁི་ལན་ལ་མཚོན་ཆ་འདོན་སྤྲོད་བྱས་པའི་གནད་དོན་ལ་གྲོས་ཞིབ་བྱེད་སྐབས།ཨ་རིའི་འཐུས་མིས་གཏམ་བཤད་སྤེལ་ནས་ཝུའུ་ཁི་ལན་གྱི་གནད་དོན་སྐོར་ནས་ཡང་བསྐྱར་ཀྲུང་གོར་དམའ་འབེབས་ཀྱི་སྐད་ཆ་བཤད་སྲིད་པས་ཐེངས་འདིར་རང་འགུལ་གྱིས་ཕར་རྒོལ་བྱེད་རྒྱུ་ཡིན་པར་བསྟན།

ཀིན་ཧྲོང་གིས་བསྟན་དོན།ཨ་རིས་ཡོ་རོབ་ས་ཁུལ་དུ་རྒྱུན་ཆད་མེད་པར་བདེ་འཇགས་ཀྱི་འགལ་བ་ཆེ་རུ་གཏོང་བ་དང་།ཡིད་ཆེས་ཀྱི་གནས་བབ་ཇེ་སྡུག་ཏུ་གཏོང་བ།ཁ་བྲལ་དང་ཁ་གཏད་བཟོ་བ་བཅས་ཀྱི་བྱ་སྤྱོད་སྤེལ་བ་དང་། རྒྱུན་ཆད་མེད་པར་གཡུལ་སར་མཚོན་ཆ་བསྐྱལ་ནས་རང་སྟེང་གི་འཐབ་ཇུས་དམར་རྗེན་དུ་བཏོན་ཞིང་།ཞི་བདེ་ལ་འབད་བརྩོན་བྱེད་པའི་ཀྲུང་གོའི་བྱ་སྤྱོད་ལ་ངན་ཁག་དཀྲིས་ཏེ། ནམ་ཡང་ཀྲུང་གོ་དང་ཨུ་རུ་སུ་གཉིས་ཕྱོགས་གཅིག་ཏུ་བརྒྱབ་ཅིང་།ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བར་དཀྲུག་ཤིང་འཕངས་ནས།བསམ་བཞིན་དུ་དཔུང་སྒར་ཁ་གཏད་དུ་ལངས་པའི་བྱ་སྤྱོད་སྤེལ་བཞིན་ཡོད་ཟེར།

གཡང་འབུམ་རྒྱལ་གྱིས་བསྒྱུར།