ཟླ11པའི་ཚེས1ཉིན། ཐེ་གོའི་ཕྱི་འབྲེལ་པུའུ་ཀྲང་མ་ལིས·ཧྲ་ཡན་ཕུང་གིས་སྨྱན་བྱད་སྟེང་རྩོམ་ཡིག་སྤེལ་ནས། དབྱི་སི་རལ་དང་ལེ་པ་ནོན་མཐའ་མཚམས་ས་ཁུལ་དུ་བྱུང་བའི་མེ་ཤུགས་འཕུར་མདའི་འཇབ་རྒོལ་ཁྲོད་ཐེ་གོའི་སྤྱི་དམངས4རྐྱེན་ལམ་དུ་ཤོར་བ་དང་། མི1ལ་རྨས་ཕོག་ཡོད་ཟེར།
མ་ལིས་ཀྱིས་བཤད་རྒྱུར། འཇབ་རྒོལ་དེ་དབྱི་སི་རལ་གྱི་མཐའ་མཚམས་གྲོང་ཁྱེར་མེ་ཐུའུ་ལའི་ཉེ་འགྲམ་དུ་བྱུང་བ་དང། ཐེ་གོའི་ཞིང་རའི་བཟོ་པ4རྐྱེན་ལམ་དུ་ཤོར་བ་དང་གཞན་ཡང་མི1ལ་རྨས་ཕོག་ཡོད། ཐེ་གོ་ཕྱོགས་ཀྱིས་ཟླ10ཚེས31ཉིན་གྱི་དགོང་མོ། དབྱི་སི་རལ་དུ་སྡོད་པའི་ཐེ་གོའི་གཞུང་ཚབ་ཁང་ཆེན་མོའི་ལས་བྱེད་མི་སྣ་བཀོད་སྒྲིག་བྱས་ནས་རོགས་རམ་བྱེད་པར་མངགས་ཡོད་ཟེར།
མ་ལིས་ཀྱིས་བསྟན་དོན། ཐེ་གོ་ཕྱོགས་ཀྱིས་ཕྱོགས་སོ་སོ་ཡང་བསྐྱར་ཞི་བདེའི་ལམ་བུའི་སྟེང་ལོག་ནས་གདོང་ཐུག་ཁྲོད་ཀྱི་ཉེས་མེད་མི་སེར་ལ་སྲུང་སྐྱོབ་བྱེད་དགོས་པའི་འདོད་སྐུལ་གཏོང་བཞིན་ཡོད་ཟེར།
དབྱི་སི་རལ་མྱུར་སྐྱོབ་རྩ་འཛུགས་དང་སྨྱན་བྱད་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། ཟླ10བའི་ཚེས31ཉིན་གྱི་ཉིན་གུང་། ཀྲིན་ཀྲུའུ་ཏང་གིས་འཕངས་པའི་མེ་ཤུགས་ཕུར་མེདལ་དེ་མེ་ཐུའུ་ལའི་ཉེ་འགྲམ་གྱི་ཞིང་ལས་ས་ཁུལ་ཞིག་ལ་ཕོག་ནས་མི5རྐྱེན་ལམ་དུ་ཤོར་བ་དང་། དེའི་ཁྲོད་མི1ནི་དབྱི་སི་རལ་གྱི་སྤྱི་དམངས་ཡིན་ཞིང་མི་4ནི་ཕྱི་རྒྱལ་བ་ཡིན་པར་བསྒྲགས་འདུག
གཡང་འབུམ་རྒྱལ་གྱིས་བསྒྱུར།