ཝུའུ་ཁི་ལན་གྱི་མཁའ་དམག་གིས་ཨུ་རུ་སུའི་དམག་དཔུང་གིས་ཝུའུ་ཁི་ལན་གྱི་ས་ཆ་མང་པོར་མཁའ་རྒོལ་བྱས་ཟེར།
2024.11.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 30

ཚེས2ཉིན།  ཝུའུ་ཁི་ལན་གྱི་མཁའ་དམག་གིས་སྨྱན་བྱད་སྟེང་རྩོམ་ཡིག་སྤེལ་ནས་བཤད་རྒྱུར། ཚེས1ཉིན་གྱི་དགོང་མོ་ནས་ཚེས2ཉིན་བར།ཨུ་རུ་སུའི་དམག་དཔུང་གིས་ཝུའུ་ཁི་ལན་གྱི་ས་ཆ་མང་པོར་མཁའ་རྒོལ་བྱས་ཤིང་།ཝུའུ་ཁི་ལན་གྱི་རྒྱལ་ས་ཅི་ཕུའུ་དང་ཅི་ཕུའུ་མངའ་སྡེ། སུའུ་མའེ་མངའ་སྡེ། ཅི་ལུའོ་ཨོ་ཀི་ལེ་མངའ་སྡེ།པོར་ཐ་ཝ་མངའ་སྡེ་སོགས་ལ་མི་མེད་གནམ་གྲུ39ཙམ་གྱིས་ཕར་རྒོལ་བྱས་ཟེར།ཝུའུ་ཁི་ལན་གྱི་མཁའ་དམག་གིས་གནས་ཚུལ་སྤེལ་བ་ལྟར་ན།ཚེས1ཉིན་གྱི་དུས་ཚོད19ནས་བཟུང་།ཨུ་རུ་སུའི་དམག་དཔུང་གིས་པེ་འར་ཀེ་ལུའོ་ཏེ་མངའ་སྡེ་ནསKh-31Pའཕུར་མདེལ་ཞིག་འཕངས་པ་དང་།ཨའོ་ལེའོ་ཨེར་མངའ་སྡེ་དང་ཁུའུ་འར་སི་ཁེ་མངའ་སྡེ་ནས་མི་མེད་གནམ་གྲུ71གིས་ཕར་རྒོལ་བྱས།ཚེས2ཉིན་གྱི་སྔ་དྲོའི་དུས་ཚོད11བར་ཝུའུ་ཁི་ལན་གྱི་མཁའ་ཟོན་མེ་ཤུགས་ཀྱིས་མི་མེད་གནམ་གྲུ39གཏོར་བ་དང་།གཞན་ཡང་ཝུའུ་ཁི་ལན་གྱི་གློག་རྡུལ་དམག་འཐབ་སྒྲིག་ཆས་ཀྱིས་མི་མེད་གནམ་གྲུ21བཀག་པ་དང་མི་མེད་གནམ་གྲུ5ཨུ་རུ་སུའི་མངའ་ཁོངས་སུ་ཕྱིར་ལོག་ཏུ་བཅུག

ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལན་སི་ཅི་ཡིས་སྨྱན་བྱད་སྟེང་རྩོམ་ཡིག་སྤེལ་ནས་བཤད་རྒྱུར།ཚེས2ཉིན་གྱི་ནམ་གུང་གི་དུས་ཚོད4པ་ནས་བཟུང་།ཝུའུ་ཁི་ལན་གྱི་གྲོང་ཁྱེར་ཆེ་གྲས་ཁག་ལ་མཁའ་ཟོན་ཉེན་བརྡ་སྔ་རྗེས་སུ་གྲགས་པ་དང་།ཝུའུ་ཁི་ལན་གྱི་རྒྱལ་ས་ཅི་ཕུའུ་དང་པོར་ཐ་ཝ་མངའ་སྡེ།སུའུ་མའེ་མངའ་སྡེ།ཧར་ཁོའོ་ཕུའུ་མངའ་སྡེ་བཅས་ལ་མཁའ་རྒོལ་དང་གཏོར་བཤིག་ཐེབས་ཡོད་པ་རེད། ཁོས་ད་ལོ་ནས་བཟུང་ཨུ་རུ་སུའི་དམག་དཔུང་གིས་མཁའ་ཐོག་འཇབ་རྒོལ་བྱེད་ཤུགས་ཆེ་རུ་བཏང་ནས།ཧ་ལམ་མཚན་མོ་རེར་ཝུའུ་ཁི་ལན་གྱི་ས་ཁོངས་སུ་མི་མེད་གནམ་གྲུས་ཕར་རྒོལ་བྱེད་ཀྱི་ཡོད།ཁོས་ཨུ་རུ་སུའི་མི་མེད་གནམ་གྲུ་གསོག་ཉར་དང་།ཐོན་སྐྱེད།སྐྱེལ་འདྲེན་བཅས་ཀྱི་རྨང་གཞིའི་སྒྲིག་ཆས་ལ་གཏོར་བརླག་གཏོང་བའི་དགོས་པ་ཡོད་ཟེར།ཚེས2ཉིན་གྱི་ནམ་གུང་གི་དུས་ཚོད4དང་སྐར་མ50ནས་དུས་ཚོད13བར།ཝུའུ་ཁི་ལན་གྱི་རྒྱལ་ས་ཅི་ཕུའུ་གྲོང་ཁྱེར་དུ་སྔ་རྗེས་སུ་མཁའ་ཟོན་ཉེན་བརྡ་ཐེངས་བཞི་ལ་བཏང་བ་རེད། ཅི་ཕུའུ་གྲོང་ཁྱེར་དམག་དོན་དོ་དམ་ཅུའུ་ཡིས་ཉིན་དེར་ཅི་ཕུའུ་གྲོང་ཁྱེར་གྱི་ཆུའུ10ཡི་ཁྲོད་དུ་ཆུའུ6གི་གྲོང་མིའི་ཐོག་བརྩེགས་ཁང་པ་མང་པོ་ཞིག་ལ་མི་མེད་གནམ་གྲུའི་ཆག་གྲུམས་ཕོག་ནས་མེ་ལ་ཤོར་ཡོད་ཟེར།

གཡང་འབུམ་རྒྱལ་གྱིས་བསྒྱུར།