དབྱི་སི་རལ་གྱི་དམག་དཔུང་གིས་ཀྲིན་ཀྲུའུ་ཏང་གི་བཀོད་འདོམས་དཔོན་པོ་ཞིག་བསད།
2024.11.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

ཚེས2ཉིན།  དབྱི་སི་རལ་གྱི་རྒྱལ་སྲུང་དམག་གིས་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར།   དབྱི་སི་རལ་གྱི་དམག་དཔུང་གི་དམག་འཐབ་གནམ་གྲུས་ཉིན་དེར་ལེ་པ་ནོན་ལྷོ་རྒྱུད་ཀྱི་ཀྲུའུ་ཝ་ཡ་ས་ཁུལ་དུ་གནས་གཏན་འཁེལ་གྱི་རྡུང་རྡེག་བཏང་ནས། ཀྲིན་ཀྲུའུ་ཏང་གི་ན་སེར་དམག་དཔུང་གི་འཕུར་མདེལ་དང་མེ་ཤུགས་འཕུར་མདེལ་ཚོ་ཆུང་གི་བཀོད་འདོམས་དཔོན་པོ་ཅ་ཧྥར·ཁ་ཏིར·ཧྥ་ཝུ་འར་བསད་ ཟེར།

གསལ་བསྒྲགས་ནང་བཤད་རྒྱུར།  ཧྥ་ཝུའར་གྱིས་དབྱི་སི་རལ་ལ་དམིགས་པའི་འཇབ་རྒོལ་མང་ཙམ་བྱེད་པའི་འགན་འཁུར་རྒྱུ་ཡིན་པ་དང་། གཞན་ཡང་ནཱ་སེའར་དཔུང་དམག་དཔུང་གི་མི་མེད་གནམ་གྲུའི་ཚོ་ཆུང་གི་བཀོད་འདོམས་དཔོན་པོ་གཞན་ཞིག་ཀྱང་དོན་རྐྱེན་དེའི་ཁྲོད་རྐྱེན་ལམ་དུ་ཤོར་ཟེར།

ལི་པ་ནིན་གྱི་ཀྲིན་ཀྲུའུ་ཏང་གིས་གནད་དོན་དེའི་ཐད་ལན་ཅི་ཡང་བཏབ་མེད།

ན་ནིང་གི་ཟླ10པའི་ཚེས7ཉིན།  ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་བར་སྐོར་ཐེངས་གསར་པའི་གདོང་ཐུག་བྱུང་བ་ནས་བཟུང་། ལེ་པ་ནོན་གྱི་ཀྲིན་ཀྲུའུ་ཏང་དང་དབྱི་སི་རལ་གྱི་བར་འཇབ་རྒོལ་དོན་རྐྱེན་ཡང་ཡང་བྱུང་ཞིང་།  ད་ལོའི་ཟླ9བའི་ཚེས17ཉིན། ལེ་པ་ནོན་དུ་འཕྲིན་གཏོང་སྒྲིག་ཆས་འབར་གས་ཀྱི་དོན་རྐྱེན་བྱུང་རྗེས་ལེ་པ་ནོན་དང་དབྱི་སི་རལ་བར་གྱི་གདོང་ཐུག་ཛ་དྲག་ཏུ་གྱུར་ཡོད། དབྱི་སི་རལ་གྱིས་ལེ་པ་ནོན་གྱི་རྒྱལ་ས་པེ་རུ་ཐེའི་ལྷོ་འདབས་སོགས་སུ་མུ་མཐུད་དུ་མཁའ་རྒོལ་བྱས་པ་དང་། ན་སི་ལུའུ་ལ་དང་ས་ཧྥེ་ཏེན་སོགས་ཀྲིན་ཀྲུའུ་ཏང་གི་མཐོ་རིམ་དཔོན་པོ་མང་པོ་ཞིག་དབྱི་སི་རལ་གྱི་དམག་དཔུང་གི་མཁའ་རྒོལ་ཁྲོད་རྐྱེན་ལམ་དུ་ཤོར།

གཡང་འབུམ་རྒྱལ་གྱིས་བསྒྱུར།