ཅ་ཧྲའི་རིམས་འགོག་སྨན་ཁབ་རྒྱག་ཡུལ་དུ་འཇབ་རྒོལ་ཐེབས་ནས་བྱིས་པ4ལ་རྨས་ཕོག
2024.11.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་གཉིས2ཉིན་བཤད་རྒྱུར།  ཕ་ལེ་སི་ཐན་གྱི་ཅ་ཧྲ་ས་ཁུལ་བྱང་རྒྱུད་ཀྱི་རྒྱུངས་པ་སྐྱ་བོའི་གཉན་ཚད་ཀྱི་རིམས་འགོག་སྨན་ཁབ་རྒྱག་ཡུལ་ཞིག་ཏུ།ཉིན་དེར་སྨན་ཁབ་རྒྱག་སྐབས་འཇབ་རྒོལ་ཐེབས་ནས་མི6ལ་རྨས་ཕོག་ཡོད་པ་དང་དེའི་ནང་དུ་བྱིས་པ4ཡོད་ཟེར།

ཟླ9བའི་ཚེས5ཉིན།ཅ་ཧྲ་ས་ཁུལ་གྱི་ལྷོ་རྒྱུད་གྲོང་ཁྱེར་ཧན་ཡིའུ་ཉི་སི་རུ་ཕ་ལེ་སི་ཐན་གྱི་བྱིས་པར་རྒྱུངས་སྐྱའི་གཉན་ཚད་ཀྱི་རིམས་འགོག་སྨན་ཁབ་རྒྱག་བཞིན་པ།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་ཐན་ཏི་སའེ་ཡིས་སྤྱི་ཚོགས་སྨྱན་བྱདXསྟེང་རྩོམ་ཡིག་སྤེལ་ནས།སྐབས་དེ་དུས་ཁྱིམ་བདག་མང་པོ་ཞིག་གིས་བྱིས་པ་ཁྲིད་ནས་ཞེ་ཧི་ལ་ཏི་བན་དམའ་རིམ་འཕྲོད་སྦྱོར་ལྟེ་གནས་སུ་རིམས་འགོག་སྨན་ཁབ་རྒྱག་བཞིན་ཡོད་པ་དང་། སྨན་ཁབ་རྒྱག་སའི་ས་ཁུལ་ནི་སྐབས་དེར་མི་ཆོས་རིང་ལུགས་ཀྱི་དམག་འཁྲུག་རྒྱག་མཚམས་འཇོག་པའི་རྣམ་པར་གནས་ཡོད། ཐེངས་འདིའི་འཇབ་རྒོལ་གྱིས་ཁྱིམ་བདག་རྣམས་ལ་འཇིགས་སྐྲག་ཐེབས་པས་སྨན་ཁབ་རྒྱག་པའི་བྱ་བ་དུས་ལྟར་སྤེལ་བར་འགོར་འགྱང་བཟོ་སྲིད་ཟེར།

ཐན་ཏི་སའེ་ཡིས་སུས་འཇབ་རྒོལ་བྱས་པ་གསལ་བཤད་བྱས་མེད། ཅ་ཧྲའི་དམངས་སྲུང་ལས་ཁུངས་ཀྱི་ཆ་འཕྲིན་མི་སྣས་ཧྥ་རན་སིའི་གསར་འགྱུར་ཁང་ལ་བཤད་རྒྱུར།ལག་དམར་ནི་དབྱི་སི་རལ་གྱི་གཤོག་པ་བཞི་ལྡན་གྱི་འཕུར་ཆས་ཤིག་ཡིན་ཞིང་དེས་བདེ་སྲུང་ལྟེ་གནས་ཀྱི་གྱང་ལྡེབས་ལ་བརྒྱབ་པ་རེད་ཟེར།འོན་ཀྱང་དབྱི་སི་རལ་ཕྱོགས་ཀྱིས་བཤད་ཚུལ་དེར་ཁས་ལེན་མི་བྱེད་པ་དང་། ཞིབ་དཔྱད་རགས་ཙམ་བྱས་ན་དབྱི་སི་རལ་གྱིས་དུས་ཚོད་ངེས་གཏན་གྱི་ནང་དུ་ས་ཁུལ་དེར་འཇབ་རྒོལ་བྱས་མེད་པར་ངོས་འཛིན་བྱས་ཡོད་ཟེར།

དབྱི་སི་རལ་གྱི་དམག་ཕྱོགས་ཀྱིས་ཉེ་བའི་གཟའ་འཁོར་ཁ་ཤས་ཀྱི་ནང་དུ་ཅ་ཧྲའི་བྱང་རྒྱུད་དུ་གཞི་ཁྱོན་ཆེ་བའི་ཕར་རྒོལ་བྱས་པ་དང་།དབྱི་སི་རལ་ཕྱོགས་ཀྱི་བཤད་སྟངས་ལྟར་ན་ཕ་ལེ་སི་ཐན་དབྱི་སི་ལན་གྱི་འགོག་རྒོལ་ལས་འགུལ(ཧ་མ་སི)མི་སྣ་སླར་ཡང་རུབ་འཛོམས་བྱ་རྒྱུ་བཀག་འགོག་བྱེད་ཆེད་ཡིན་ཟེར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་གཞི་མང་པོ་ཞིག་གི་འགན་འཁུར་བས་བཤད་རྒྱུར།མིག་སྔར་ཅ་ཧྲ་ས་ཁུལ་གྱི་བྱང་རྒྱུད་ཀྱི་གནས་བབ་ཛ་དྲག་ཆེ་བ་དང་། གཞི་རྩའི་རོགས་སྐྱོར་དང་སྲོག་སྐྱོབ་དངོས་ཟོག་ནང་འདྲེན་བྱེད་ཐབས་བྲལ་ཟེར།

ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་སྐོར་ཐེངས་གསར་བའི་གདོང་ཐུག་དེ་ན་ནིང་གི་ཟླ10པར་བྱུང་རྗེས།དབྱི་སི་རལ་གྱིས་ཅ་ཧྲ་ས་ཁུལ་དུ་དམག་དོན་བྱ་སྤྱོད་སྤེལ་བར་མི་སྣ་མང་པོ་ཤི་རྨས་བྱུང་ནས་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་ཚབས་ཆེན་ཐོན་ཡོད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཟླ8པའི་ཚེས22ཉིན་བཤད་རྒྱུར།ཅ་ཧྲ་ས་ཁུལ་དུ་ལོ25རིང་ལ་བྱུང་མ་མྱོང་བའི་རྒྱུངས་སྐྱའི་གཉན་ཚད་ཀྱི་ནད་རྟགས་ཐོན་པ་དང་། ཟླ10ལས་མེད་པའི་བྱིས་པ་ཞིག་ལ་ནད་གཞི་ཕོག་པ་གཏན་འཁེལ་བྱས་པར་མ་ཟད།རྐང་པ་ཞ་བའི་ནད་རྟགས་ཀྱང་ཐོན་ཡོད་ཟེར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་བཤད་རྒྱུར།གནས་ཚུལ་དེ་ལས་ཅ་ཧྲ་ས་ཁུལ་དུ་འགོས་ནད་ཕོག་པའི་ནད་པ་བརྒྱ་ཕྲག་ཁ་ཤས་ཡོད་པ་མཚོན་གྱི་ཡོད་ཀྱང་ནད་རྟགས་ཕྱིར་མངོན་མེད་པ་ཙམ་རེད་ཟེར།

ནད་དུག་གི་མཆེད་རྒྱུན་འགོག་ཆེད།འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཕ་ལེ་སི་ཐན་འཕྲོད་བསྟེན་པུའུ་སོགས་སྡེ་ཁག་དང་མཉམ་འབྲེལ་བྱས་ཏེ། ཟླ9བའི་ཚེས1ནས་ཚེས12ཉིན་བར་ཅ་ཧྲར་སྐོར་དང་པོའི་རྒྱུངས་ཐལ་གྱི་རིམས་འགོག་སྨན་ཁབ་རྒྱག་པའི་བྱ་འགུལ་སྤེལ་ནས།ཅ་ཧྲ་ས་ཁུལ་ཡོངས་ཀྱི་ལོ10མན་གྱི་བྱིས་པ་འབུམ་དྲུག་དང་ཁྲི་བཞི་ཙམ་ལ་རྒྱུངས་ཐལ་གྱི་རིམས་འགོག་སྨན་ཁབ་གསར་པ་གཉིས་པ་རྒྱག་རྒྱུ་རེད། དེའི་རིང་ལ་དབྱི་སི་རལ་དང་ཧ་མ་སི་ཡིས་ཚད་ཡོད་ས་ཁོངས་སུ་གནས་སྐབས་སུ་དམག་འཁྲུག་མཚམས་འཇོག་རྒྱུར་མོས་མཐུན་བྱུང་ཡོད།

སྐོར་ཐེངས་གཉིས་པའི་རིམས་འགོག་སྨན་ཁབ་རྒྱག་པའི་བྱ་འགུལ་དེ་ཟླ10བའི་ཚེས14ཉིན་སྤེལ་བའི་ཚུན་ལ་ཅ་ཧྲའི་དབུས་རྒྱུད་དང་ལྷོ་རྒྱུད་ཀྱི་ལོ10མན་གྱི་བྱིས་པ་འབུམ་བཞི་དང་ཁྲི་ལྔ་ཙམ་ལ་རིམས་འགོག་སྨན་ཁབ་གཉིས་པ་བརྒྱབ་པ་དེ་ཅ་ཧྲའི་དབུས་རྒྱུད་དང་ལྷོ་རྒྱུད་ས་ཁུལ་གྱི་དམིགས་བྱའི་མི་ཚོགས96%ལ་ཁྱབ་ཡོད་པ་རེད། འོན་ཀྱང་མིག་སྔར་མི་ཆོས་རིང་ལུགས་ཀྱི་དམག་འཁྲུག་མཚམས་བཞག་པའི་ས་ཁོངས་ཧ་ཅང་ཇེ་ཆུང་དུ་སོང་བ་དང་དམངས་སྤྱོད་རྨང་གཞིའི་སྒྲིག་ཆས་ལ་མུ་མཐུད་དུ་འཇབ་རྒོལ་བྱས་ནས།ཅ་ཧྲའི་བྱང་རྒྱུད་ཀྱི་མང་ཚོགས་ཀྱི་བདེ་འཇགས་དང་བྱ་སྤྱོད་རང་དབང་ལ་འཇིགས་སྐུལ་བཟོ་བཞིན་ཡོད།  དེ་བས་ཟླ10བའི་ཚེས23ཉིན་ནས་བཟུང་།ཅ་ཧྲའི་བྱང་རྒྱུད་ཀྱི་བྱིས་པ་འབུམ་གཅིག་དང་ཁྲི་གཉིས་ཙམ་ལ་རིམས་འགོག་སྨན་ཁབ་གཉིས་པ་རྒྱག་པའི་བྱ་བ་དེ་ཟླ11པའི་ཚེས2ཉིན་ནས་འགོ་རྩོམ་རྒྱུ་ནར་འགྱངས་མི་བྱེད་ཀ་མེད་བྱུང་ཡོད།

རྒྱུངས་སྐྱའི་གཉན་ཚད་ལ་རྒྱུན་དུ་བྱིས་པའི་སྦྲིད་ནད་ཀྱང་ཟེར།དེ་ནི་རྒྱུངས་སྐྱའི་ནད་དུག་གིས་སློང་བའི་དོས་དྲག་རང་བཞིན་གྱི་འགོ་ནད་ཅིག་ཡིན།རྒྱུན་དུ་ཆུ་སྙིགས་བརྒྱུད་དེ་མི་ཚོགས་ལ་མཆེད་ཀྱི་ཡོད།གཙོ་བོ་ལོ5མན་གྱི་བྱིས་པར་ཤུགས་རྐྱེན་ཐེབས་བཞིན་ཡོད་པ་དང་།ནད་གཞི་ཚབས་ཆེ་བའི་སྐབས་སུ་རྐང་ལག་ཞ་བ་དང་ཐ་ན་འཆི་ཡང་སྲིད། ནད་འདི་ལ་བཅོས་ཐབས་མེད་པས་རིམས་འགོག་སྨན་ཁབ་རྒྱག་པ་ནི་ནད་འདི་སྔོན་འགོག་བྱེད་པའི་ཆེས་གྲོན་ཆུང་གི་བྱེད་ཐབས་ཤིག་ཡིན།

གཡང་འབུམ་རྒྱལ་གྱིས་བསྒྱུར།