ཨ་ཧྥུའུ་ཧན་གྱི་རང་བྱུང་སོལ་རླངས་བཟོ་གྲྭ་ཞིག་ལ་མེ་སྐྱོན་བྱུང་ནས་མི6རྐྱེན་ལམ་དུ་ཤོར་བ་དང་མི9ལ་རྨས་ཕོག
2024.11.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

ཚེས3ཉིན།ཨ་ཧྥུའུ་ཧན་གྱི་གནས་སྐབས་སྲིད་གཞུང་གི་དཔོན་རིགས་ཀྱིས་བཤད་རྒྱུར།རྒྱལ་ས་ཁ་པུའུ་འར་གྱི་རང་བྱུང་སོལ་རླངས་བཟོ་གྲྭ་ཞིག་ལ་ཚེས2ཉིན་མེ་སྐྱོན་བྱུང་ནས་མི6རྐྱེན་ལམ་དུ་ཤོར་བ་དང་མི9ལ་རྨས་ཕོག་ཡོད་ཟེར།

ཚེས3ཉིན།ཨ་ཧྥུའུ་ཧན་གྱི་གནས་སྐབས་སྲིད་གཞུང་གི་ནང་སྲིད་པུའུ་ཡི་རང་བྱུང་གནོད་འཚེ་དང་མེ་ཟོན་སྤྱི་ཁྱབ་ཅུའུ་ཡི་འགན་འཁུར་བ་ནུའུ་ལུའུ་ལ·ཨན་ས་འར་གྱིས་སྨྱན་བྱད་ལས་རིགས་ལ་བཤད་རྒྱུར།ཁ་པུའུ་འར་གྲོང་ཁྱེར་ཕ་ཀི་མན་ས་ཁུལ་གྱི་རང་བྱུང་སོལ་རླངས་བཟོ་གྲྭ་ཞིག་ལ་ཚེས2ཉིན་གྱི་ཕྱི་དྲོ་བྱུང་པའི་མེ་སྐྱོན་དེ་བསད་ཟིན་པ་དང་།མེ་ཟོན་མི་སྣས་མཐའ་འཁོར་ས་ཁུལ་དུ་མེ་མཆེད་རྒྱུར་བཀག་འགོག་བྱས་ཡོད་ཟེར།

ཨན་ས་འར་གྱིས་བཤད་རྒྱུར།མེའི་ཤོར་རྐྱེན་ལ་ད་ལྟ་ད་དུང་བརྟག་དཔྱད་བྱེད་བཞིན་ཡོད་པ་དང་མེ་སྐྱོན་གྱིས་དཔལ་འབྱོར་ཐད་གྱོང་གུན་ཇི་འདྲ་བཟོས་ཡོད་མིན་གསལ་བོར་མི་ཤེས་ཟེར།

གཡང་འབུམ་རྒྱལ་གྱིས་བསྒྱུར།