ཧན་གོའི་མཉམ་འབྲེལ་ཚན་མོའུ་པུའུ་ཡིས་ཚེས3ཉིན་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་ལྟར་ན།ཧན་གོ་དང་ཨ་རི།འཇར་པན་བཅས་ཀྱིས་ཉིན་དེར་མཉམ་འབྲེལ་གྱིས་མཁའ་དབྱིངས་ནས་དམག་སྦྱོང་བྱས་པ་དང་།ཨ་རིའིB-1Bའཐབ་ཇུས་འབར་མདེལ་འཕེན་བྱེད་གནམ་གྲུ་སྦྱོང་བརྡར་ནང་ཞུགས་པ་རེད།
ཧན་གོའི་མཉམ་འབྲེལ་ཚན་མོའུ་པུའུ་ཡིས་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་ལ་ལྟར་ན།དམག་སྦྱོང་དེ་ཧན་གོའི་ཅི་ཀྲོའུ་གླིང་ཕྲན་ཤར་རྒྱུད་ཀྱི་ཧན་གོ་དང་འཇར་པན་གྱི་མཁའ་ཟོན་དབྱེ་འབྱེད་ཁུལ་གྱི་རིམ་བརྩེགས་ས་ཁོངས་སུ་བྱས་པ་དང་།ཧན་གོའི་མཁའ་དམག་གིF-15KདངKF-16དམག་འཐབ་གནམ་གྲུ་དང་།ཨ་རིའི་མཁའ་དམག་གིF-16དམག་འཐབ་གནམ་གྲུའཇར་པན་གྱི་མཁའ་འགྲུལ་རང་སྲུང་རུ་ཁག་གིF-2དམག་འཐབ་གནམ་གྲུ་བཅས་དམག་སྦྱོང་ནང་ཞུགས་ཡོད་པ་རེད།
གནས་ཚུལ་སྤེལ་བ་ལྟར་ན། ཐེངས་འདིའི་དམག་སྦྱོང་དེ་ཨ་རིའི་དམག་གིB-1Bའཐབ་ཇུས་འབར་མདེལ་འཕེན་བྱེད་གནམ་གྲུ་ཧན་གོ་དང་ཨ་རི།འཇར་པན་བཅས་ཀྱི་དམག་འཐབ་གནམ་གྲུའི་འགེབས་སྲུང་འོག་མཁའ་དབྱིངས་སྔོན་འཛུགས་བྱེད་པ་དང་མཉམ་དུ་བསམ་ཚོད་ཀྱི་དམིགས་འབེན་ལ་རྡུང་རྡེག་གཏོང་བའི་བྱེད་ཐབས་ཀྱི་སྟེང་ནས་དམག་སྦྱོང་བྱས་པ་རེད། དེ་ནི་ཨ་རིའི་འཐབ་ཇུས་འབར་མདེལ་འཕེན་བྱེད་གནམ་གྲུ་ད་ལོར་ཁྲའོ་ཞན་ཕྱེད་གླིང་དུ་འཕུར་ཐེངས་བཞི་པ་ཡིན་པ་དང་།ཐེངས་འདིའི་དམག་དོན་སྦྱོང་བརྡར་ནི་ཧན་གོ་དང་ཨ་རི། འཇར་པན་བཅས་ཀྱིས་ད་ལོར་མཉམ་འབྲེལ་གྱིས་མཁའ་དབྱིངས་སྦྱོང་བརྡར་བྱེད་ཐེངས་གཉིས་པ་དེ་རེད།
ཧན་གོའི་མཉམ་འབྲེལ་ཚན་མོའུ་པུའུ་ཡིས་ཐེངས་འདིའི་སྦྱོང་བརྡར་ནི་ཁྲའོ་ཞན་གྱིས་ཟླ10བའི་ཚེས31ཉིན་གླིང་ཆེན་བར་གྱི་མདེལ་ལམ་འཕུར་མདེལ་གསར་པ་ཚོད་འཕེན་བྱ་རྒྱུར་ཁ་གཏད་གཅོག་པའི་ཆེད་དུ་ཡིན་ཞེས་བཤད།
གཡང་འབུམ་རྒྱལ་གྱིས་བསྒྱུར།