རྒྱ་གར་བྱང་རྒྱུད་ཀྱི་འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་ཤིག་གཡང་གཟར་དུ་ལྷུང་ནས་ཉུང་མཐར་ཡང་མི23རྐྱེན་ལམ་དུ་ཤོར།
2024.11.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 32

རྒྱ་གར་གྱི་སྨྱན་བྱད་སྟེང་སྤེལ་བའི་གནས་ཚུལ་ལྟར་ན།    རྒྱ་གར་བྱང་རྒྱུད་ཀྱི་ཨ་ཁེན་ཏེ་མངའ་སྡེའི་འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་ཤིག་ཚེས4ཉིན་གྱི་ཞོགས་པར་ལམ་བར་ནས་གཡང་གཟར་དུ་ལྷུང་ནས་ཉུང་མཐར་ཡང་མི23རྐྱེན་ལམ་དུ་ཤོར་ཡོད་པ་རེད།

གནས་ཚུལ་སྤེལ་བ་ལྟར་ན།  འགྲུལ་སྐྱེལ་རླངས་འཁོར་དེ་ལས་འགྲུལ་པ35ཡོད་པ་དང་།  དོན་རྐྱེན་བྱུང་སྐབས་ཀི་འར་ཝ་འར་ནས་ཀུའུ་མའོ་ཨེན་དུ་འགྲོ་བཞིན་ཡོད་ཡོད།  འགྲུལ་སྐྱེལ་རླངས་འཁོར་དེ་ཨ་འར་མོ་ལ་ཉེ་འགྲམ་དུ་སླེབས་སྐབས་གཞུང་ལམ་དང་བྲལ་ནས་གཡང་གཟར་དུ་ལྷུང་བ་རེད་ཟེར།

གནས་ཚུལ་སྤེལ་བ་ལྟར་ན།  རྒྱ་གར་རྒྱལ་ཁབ་ཀྱི་གནོད་འཚེ་དང་ལེན་དམག་དཔུང་དང་ས་གནས་དེའི་ཉེན་རྟོག་ཕྱོགས་ཀྱིས་འཚོལ་སྐྱོབ་ཀྱི་བྱ་སྤྱོད་སྤེལ་ནས་རྨས་མ་མང་པོ་ཞིག་ཉེ་འགྲམ་གྱི་སྨན་ཁང་དུ་བསྐྱལ་བ་དང་།  དོན་རྐྱེན་དེའི་འབྱུང་རྐྱེན་ལ་བརྟག་དཔྱད་བྱེད་བཞིན་ཡོད་པས་མི་སྣའི་ཤི་གྲངས་སྔར་ལས་ཇེ་མང་དུ་འགྲོ་སྲིད་ཅེས་བརྗོད་ཡོད་པ་རེད།

གཡང་འབུམ་རྒྱལ་གྱིས་བསྒྱུར།