དབྱི་ལིང་ནུབ་རྒྱུད་ཀྱི་སྤྱི་སྤྱོད་རླངས་འཁོར་ཞིག་མགོ་རྟིང་ལོག་ནས་མི4ཤི་བ་དང་མི42རྨས།
2024.11.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

དབྱི་ལིང་ཐ་སི་ཉི་མུའུ་འཕྲིན་གཏོང་ཁང་གིས་ཚེས12ཉིན་སྤེལ་བའི་གནས་ཚུལ་ལྟར་ན། འགྲུལ་སྐྱེལ་རླངས་འཁོར་ཞིག་ཚེས11ཉིན་གྱི་དགོང་མོ་དབྱི་ལིང་ནུབ་རྒྱུད་ཀྱི་ཁུའུ་འར་ཏེ་སི་ཐན་ཞིང་ཆེན་གྱི་གྲོང་ཁྱེར་བར་གྱི་གཞུང་ལམ་སྟེང་མགོ་རྟིང་ལོག་ནས་ཉུང་མཐར་ཡང་མི4རྐྱེན་ལམ་དུ་ཤོར་བ་དང་མི42ལ་རྨས་ཕོག་ཡོད་པ་རེད།

གནས་ཚུལ་སྤེལ་བའི་ནང་དོན་རྐྱེན་བྱུང་སའི་ཉེ་འགྲམ་གྱི་ཛ་དྲག་སྨན་བཅོས་ཞབས་ཞུ་སྡེ་ཁག་གི་མི་སྣའི་སྐད་ཆ་དྲངས་ནས་བཤད་རྒྱུར། རླངས་འཁོར་དེའི་ནང་འགྲུལ་པ46ཡོད་པའི་ཁྲོད་མི4རྐྱེན་ལམ་དུ་ཤོར་བ་རེད། མིག་སྔར། རྨས་མ་ཚང་མ་ཁུའུ་འར་ཏེ་སི་ཐན་ཞིང་ཆེན་གྱི་སྨན་བཅོས་ལྟེ་གནས་སུ་བསྐྱལ་ནས་སྨན་བཅོས་བྱེད་བཞིན་ཡོད་ཟེར།

དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་ཀྱི་གསར་འགྱུར་ཁང་གིས་ཚེས12ཉིན་གནས་ཚུལ་སྤེལ་ནས།  ལམ་ངོས་སུ་བརླན་བཤེར་ཆེ་ཞིང་རླངས་འཁོར་མྱུར་ཚད་ལས་བརྒལ་བ་ནི་དོན་རྐྱེན་བྱུང་བའི་རྒྱུ་རྐྱེན་གཙོ་རེད་ཟེར།

གཡང་འབུམ་རྒྱལ་གྱིས་བསྒྱུར།