ཨེ་ཅིབ་ཀྱི་བྱང་རྒྱུད་དུ་འགྲིམ་འགྲུལ་དོན་རྐྱེན་ཞིག་བྱུང་ནས་ཉུང་མཐར་ཡང་མི12རྐྱེན་ལམ་དུ་ཤོར།
2024.11.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 36

ཚེས13ཉིན། ཨེ་ཅིབ་བྱང་རྒྱུད་ཀྱི་སའེ་ཏི་ཀང་ཞིང་ཆེན་དུ་འགྲིམ་འགྲུལ་དོན་རྐྱེན་ཞིག་བྱུང་ནས་ཉུང་མཐར་ཡང་མི12རྐྱེན་ལམ་དུ་ཤོར་བ་དང་མི5ལ་རྨས་ཕོག་ཡོད།

ཨེ་ཅིབ་ཀྱི་གསར་འགྱུར་དྲ་བའི་སྟེང་སྤེལ་བའི་གནས་ཚུལ་ལྟར་ན།   ལྗིད་འདེགས་རླངས་འཁོར་ཞིག་དང་སྤྱི་སྤྱོད་རླངས་འཁོར་གཅིག རླངས་འཁོར་ཆུང་བ་གསུམ་བཅས་ཉིན་དེར་སའེ་ཏེ་ཀང་ཞིང་ཆེན་གྱི་མྱུར་བགྲོད་གཞུང་ལམ་ཞིག་གི་སྟེང་དུ་ ཐོད་བརྒྱབ་ནས་མི་སྣར་ཤི་རྨས་ཚབས་ཆེན་བཟོས་པ་དང་།  དོན་རྐྱེན་བྱུང་རྗེས་ས་གནས་དེའི་འབྲེལ་ཡོད་སྡེ་ཁག་གི་མི་སྣ་དང་མྱུར་སྐྱོབ་རླངས་འཁོར་མྱུར་དུ་ཡུལ་དངོས་སུ་སོང་སྟེ་ཚེ་འདས་དང་རྨས་མ་རྣམས་ཉེ་འགྲམ་གྱི་སྨན་ཁང་དུ་བསྐྱལ་བ་རེད།

མྱུར་ཚད་ལས་བརྒལ་ནས་རླངས་འཁོར་བསྐོར་བ་དང་གཞུང་ལམ་ལ་བདག་སྐྱོང་བྱས་པ་མི་ལེགས་པ། འགྲིམ་འགྲུལ་ཁྲིམས་སྲོལ་ལག་བསྟར་ནན་མོ་མིན་པ་བཅས་ཀྱིས་ཨེ་ཅིབ་ཏུ་འགྲིམ་འགྲུལ་ཆག་སྒོ་ཡང་ཡང་བྱུང་བཞིན་ཡོད་པ་རེད། འགྲིམ་འགྲུལ་གྱི་ཆག་སྒོ་ཇེ་ཉུང་དུ་གཏོང་བའི་ཆེད་དུ།  ཉེ་བའི་ལོ་འགའི་རིང་ནས་ཨེ་ཅིབ་སྲིད་གཞུང་གིས་ལམ་ཟམ་བསྒྱུར་བཀོད་ལ་སྐུལ་འདེད་ཆེན་པོ་བཏང་ནས་གཞུང་ལམ་དྲ་བ་རིམ་སྤོར་བྱས་ཡོད།

གཡང་འབུམ་རྒྱལ་གྱིས་བསྒྱུར།