ཚེས15ཉིན། སི་ཕེན་བྱང་ཤར་ཕྱོགས་ཀྱི་ས་ལ་ཀེ་ས་ཞིང་ཆེན་གྱི་རྒན་གསོ་ཁང་ཞིག་ཏུ་མེ་སྐྱོན་བྱུང་ནས་ཉུང་མཐར་ཡང་མི10རྐྱེན་ལམ་དུ་ཤོར་བ་དང་།གཞན་ཡང་མི་མང་པོར་རྨས་སྐྱོན་ཕོག་པའི་ནང་མི2ཀྱི་རྨས་སྐྱོན་ཚབས་ཆེན་རེད།
སི་ཕེན་གྱི་རྒྱལ་དམངས་ཉེན་སྲུང་རུ་ཁག་གིས་བཤད་རྒྱུར། རྒན་གསོ་ཁང་དེ་ས་ལ་ཀེ་ས་ཞིང་ཆེན་ཨའེ་པུའུ་ལུའོ་རང་དབང་གྲོང་རྡལ་དུ་ཡོད། ས་ལ་ཀེ་ས་མེ་ཟོན་སྡེ་ཁག་གིས་གནས་ཚུལ་ཐོས་རྗེས་མྱུར་དུ་ཡུལ་དངོས་སུ་སོང་བ་དང་། སྐབས་དེར་རྒན་གསོ་ཁང་གི་གཞོགས་ངོས་ལ་མེ་ཤོར་ནས་དུ་སྨུག་ཆེན་པོ་འཕྱུར་བཞིན་པ་མཐོང་། མིག་སྔར་མེ་བསད་ཟིན་ན་ཡང་མེར་ཤོར་བའི་རྒྱུ་རྐྱེན་ད་དུང་གསལ་བོར་མི་ཤེས་ཟེར།
ས་གནས་དེའི་སྨྱན་བྱད་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། དོན་རྐྱེན་བྱུང་སྐབས་རྒན་གསོ་ཁང་དུ་མི82ཡོད་པ་རེད། རྒན་གསོ་ཁང་དེ2008ལོ་ནས་བཟུང་ལས་གཉེར་བྱེད་འགོ་བརྩམས་པ་ཞིག་རེད་ཟེར།
གཡང་འབུམ་རྒྱལ་གྱིས་བསྒྱུར།