ཚེས15ཉིན། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་དུས་ཆད་ལྟར་འཇར་མན་གྱི་ཙུང་ལི་ཧྲོའར་ཚི་དང་མཉམ་དུ་ཁ་པར་གྱི་ལམ་ནས་ཝུའུ་ཁི་ལན་གྱི་གནས་བབ་དང་ཨུ་རུ་སུ་དང་འཇར་མན་ཕྱོགས་གཉིས་ཀྱི་འབྲེལ་བ། དེ་མིན་དབུས་ཤར་ས་ཁུལ་གྱི་གནས་བབ་སོགས་ཀྱི་གནད་དོན་ལ་གྲོས་བསྡུར་བྱས།
ཚེས15ཉིན། ཨུ་རུ་སུའི་ཙུང་ཐུང་དྲ་ཚིགས་སྟེང་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་ལྟར་ན། དེ་ནི་ཕྱོགས་གཉིས་ཀྱིས2022ལོའི་ཟླ12པའི་ཚུན་དུ་ཁ་པར་རྒྱག་ཐེངས་དང་པོ་དེ་ཡིན་པ་རེད། ཕུའུ་ཅིང་གིས་ཝུའུ་ཁི་ལན་གྱི་གནས་བབ་སྐོར་གླེང་སྐབས། མིག་སྔའི་ཉམས་ཉེན་ནི“བྱང་ཆིངས་ཀྱིས་དུས་ཡུན་རིང་པོར་བཙན་འཛུལ་རང་བཞིན་གྱི་སྲིད་ཇུས་ལག་བསྟར་བྱས་པའི་ཐད་ཀའི་འབྲས་བུ་ཞིག་རེད”ཅེས་བཤད་ཡོད་པ་རེད།
ཕུའུ་ཅིང་གིས་ཨུ་རུ་སུ་ཕྱོགས་ཀྱིས་ཆབ་སྲིད་དང་ཕྱི་འབྲེལ་གྱི་བྱེད་ཐབས་བརྒྱུད་ནས། ཨུ་རུ་སུ་དང་ཝུའུ་ཁི་ལན་གྱི་གདོང་ཐུག་ཐག་གཅོད་བྱ་རྒྱུ་ཁས་མི་ལེན་པ་གཏན་ནས་བྱེད་མྱོང་མེད་ལ་གྲོས་མོལ་སླར་གསོ་བྱེད་པར་སྒོ་འབྱེད་རྣམ་འགྱུར་འཛིན་བཟུང་ཡོད། ཁོས་འཇོག་སྲིད་པའི་གྲོས་མཐུན་དེ་བདེ་འཇགས་ཁྱབ་ཁོངས་ནང་གི་ཨུ་རུ་སུའི་ཁེ་ཕན་ལ་བསམ་གཞིགས་བྱེད་དགོས།“མངའ་ཁོངས་ཀྱི་དོན་དངོས་གསར་པར་གཞིགས་ནས”གལ་ཆེ་ཤོས་ནི་གདོང་ཐུག་རྩ་བ་ནས་མེད་པར་བཟོ་རྒྱུ་དེ་ཡིན་ཞེས་བཤད།
ཨུ་རུ་སུ་དང་འཇར་མན་གྱི་འབྲེལ་བའི་ད་ལྟའི་གནས་ཚུལ་སྐོར་གླེང་སྐབས། ཕུའུ་ཅིང་གིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ“ཕྱོགས་སོ་སོའི་ཐད་ནས་སྔར་བྱུང་མྱོང་མེད་པའི་ཉམས་ཞན་ཅན་དུ་གྱུར་པར”ངོས་འཛིན་བྱས་ཡོད། ཁོས་ཨུ་རུ་སུས་ནུས་རྒྱུའི་ཁྱབ་ཁོངས་ཀྱི་ཆིངས་ཡིག་དང་གན་རྒྱའི་འོས་འགན་ཐོག་མཐའ་བར་གསུམ་དུ་ལག་བསྟར་བྱེད་ཀྱི་ཡོད། གལ་སྲིད་འཇར་མན་ཕྱོགས་ཀྱང་སྤྲོ་སྣང་ཡོད་ཚེ་ཨུ་རུ་སུས་གཉིས་ཕན་མཉམ་ལས་བྱེད་འདོད་ཡོད་ཅེས་བཤད།
ཕྱོགས་གཉིས་ཀྱིས་ད་དུང་དབུས་ཤར་ས་ཁུལ་གྱི་གནས་བབ་སྐོར་ལ་གྲོས་བསྡུར་བྱས། ཕུའུ་ཅིང་གིས་ཨུ་རུ་སུ་ཕྱོགས་ཀྱིས་ས་ཁུལ་གྱི་ཉམས་ཉེན་ཞི་ལྷོད་དུ་གཏོང་བ་དང་མཉམ་དུ་ཞི་བདེའི་ཐག་གཅོད་ཇུས་གཞི་འཚོལ་ཞིབ་བྱ་ཆེད་འབད་བརྩོན་བྱས་པའི་སྐོར་ངོ་སྤྲོད་བྱས།
གཞན་ཡང་འཇར་མན་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གི་མགྲིན་ཚབ་པ་ཧེ་པེ་ཧྲི་ཐེ་ལའེ་ཐི་ཡིས་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་ལྟར་ན། སུའོ་ཨར་ཚི་ཡིས་ཁ་པར་ནང་ཨུ་རུ་སུ་དང“གཞུང་དྲང་དང་རྒྱུན་སྲིང་གི་ཞི་བདེ་མངོན་འགྱུར་ཡོང་བར་བྱེད་དགོས”ཞེས་པའི་གྲོས་མོལ་བྱ་རྒྱུའི་རེ་བ་བཏོན་ཡོད་པ་རེད། ཕུའུ་ཅིང་དང་ཁ་པར་རྒྱག་སྐབས་སུའོ་ཨར་ཚི་དང་ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལན་སི་ཅིའི་བར་ཁ་པར་བཏང་ཡོད་པ་རེད།
གཡང་འབུམ་རྒྱལ་གྱིས་བསྒྱུར།