ཞི་བདེ་རྒྱ་མཚོའི་སུའོ་ལུའོ་མོན་གླིང་ཚོམ་གྱི་ཉེ་འགྲམ་དུ་འཛམ་གླིང་སྟེང་གི་བྱུ་རུ་ཆེ་ཤོས་དེ་རྙེད།
2024.11.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 33

ཚེས14ཉིན།  ཨ་རིའི་རྒྱལ་ཁབ་ས་གཤིས་སློབ་ཚོགས་ཀྱི་ཚན་རིག་རྟོག་ཞིབ་ཚོགས་པས་ལྷོ་ནུབ་ཞི་བདེ་རྒྱ་མཚོ་ཆེན་མོའི་སུའོ་ལུའོ་མོན་གླིང་ཚོམ་གྱི་ཉེ་འགྲམ་ནས་འཛམ་གླིང་སྟེང་གི་བྱུ་རུ་ཆེ་ཤོས་རྙེད་པ་ཁྱབ་བསྒྲགས་བྱས།

བྱུ་རུ་དེའི་རིང་ཚད་ལ་སྨི34དང་ཞེང་ཚད་ལ་སྨི32ཡོད་ལ་མཐོ་ཚད་ལ་སྨི5ཙམ་ཡོད། དེ་སྔའི་ཟིན་ཐོ་རྒྱུན་འཛིན་བྱེད་མཁན་ཨ་རི་ས་མོ་ཡའི་སོག་མའི་བྱུ་རུ་ལས་ལྡབ3གྱིས་ཆེ་བ་ཡོད། བྱུ་རུ་དེའི་མང་ཆེ་བ་ནི་རྫ་མདོག་ཡིན་པ་དང་། སྟེང་དུ་སེར་བོ་དང་དམར་པོ།གློ་དམར།སྔོན་པོ་བཅས་ཀྱི་ཁྲ་ཐིག་ཡོད།

གསར་དུ་རྙེད་པའི་བྱུ་རུ་དེ་ནི་ཀ་བ་ལྟ་བུའི་མེ་ཏོག་པདྨའི་བྱུ་རུ་ཞིག་རེད། དེ་ནི་བྱུ་རུའི་ཁྱུ་ཚོགས་མི་འདྲ་བ་མང་པོ་ལས་གྲུབ་པའི་བྱུ་རུའི་བྲག་རྡོ་མ་ཡིན་པར།རྒྱུད་རྒྱུ་ གཅིག་མཚུངས་ཡིན་པའི་བྱུར་འབུ་འབུམ་གཅིག་ཙམ་ལས་གྲུབ་པའི་ཁྱུ་ཚོགས་ཤིག་ཡིན་པ་དང་། དེ་དག་གིས་ཁྱུ་ཚོགས་ནང་དུ་སྐྱེ་ལྡན་གཟུགས་ཤིག་དང་འདྲ་བར་མཉམ་ལས་ཀྱིས་ལས་ཀ་བྱེད་བཞིན་ཡོད།

ཞིབ་འཇུག་མི་སྣས་ཚོད་དཔག་བྱས་པ་ལྟར་ན།   བྱུ་རུ་དེར་ལོ་ངོ300ཙམ་གྱི་ལོ་རྒྱུས་ཡོད་ལ་དུས་ཡུན་དེ་ལས་རིང་ཡང་སྲིད།

ཞིབ་འཇུག་མི་སྣས་ཐོག་མར་དེ་ནི་བྱིང་གྲུ་ཧ་ཅང་ཆེན་པོ་ཞིག་ཡིན་པར་འདོད། ཆུའི་ནང་དུ་འཛུལ་རྗེས་སའི་གོ་ལའི་སྟེང་གི་སྲོག་ཆགས་ཆེས་ཆེ་བ་སྟེ།  ལན་ཅིན་ལས་ད་དུང་རིང་བའི་བྱུ་རུ་རྙེད་པ་རེད། བྱུ་རུ་དེ་ཧ་ཅང་ཆེ་བས་བར་སྣང་ནས་ཀྱང་མཐོང་ཐུབ།

ཞིབ་འཇུག་མི་སྣས་ངོས་འཛིན་བྱས་དོན། ཉེ་འགྲམ་གྱི་མཚོ་འོག་གླིང་ཕྲན་དེ་མཚོ་ཆུའི་དྲོད་ཚད་མཐོ་རུ་ཕྱིན་པའི་དབང་གིས་ཉམས་ཞན་དུ་གྱུར་མོད། འོན་ཀྱང་གཏིང་ཟབ་ཙམ་གྱི་ཆུ་ཁོངས་སུ་བདེ་ཐང་གི་བྱུ་རུ་ཆེན་པོ་དེ་འདྲ་ཡོད་པ་མཐོང་སྐབས་མི་རྣམས་ལ་རེ་བས་ཁེངས་ཡོད།

གཡང་འབུམ་རྒྱལ་གྱིས་བསྒྱུར།