ཨུ་རུ་སི་དང་ཀྲུང་གོའི་གཉིས་ཕན་མཉམ་ལས་ཀྱི“འགོ་རྩོམ”གླེང་སྟེགས་སྟེང་མཉམ་ལས་གཏིང་ཟབ་ཏུ་གཏོང་བར་དོ་ཁུར་བྱས།
2024.11.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

ཚེས15ཉིན། ཨུ་རུ་སི་དང་ཀྲུང་གོའི་གཉིས་ཕན་མཉམ་ལས་ཀྱི“འགོ་རྩོམ”གླེང་སྟེགས་སྐབས་གཉིས་པ་ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་ཏ་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟེ་བའི་གྲོང་ཁྱེར་ཁ་ཧྲན་དུ་གྲོལ།

གླེང་སྟེགས་དུས་ཡུན་ཉིན3ཡིན་པ་དང་ནང་དོན་ཕུན་སུམ་ཚོགས་ལ་རྣམ་པ་འདྲ་མིན་སྣ་ཚོགས་ཀྱི་བརྗོད་དོན་གཙོ་བོའི་བགྲོ་གླེང་ཚོགས་འདུ་ཐེངས70ལྷག་ཙམ་བཀོད་སྒྲིག་བྱས་ནས།རྒྱལ་ཁབ་གཉིས་ཀྱི་ཁེ་ལས་ལ་ཐད་ཀར་གྲོས་མོལ་དང་མཉམ་ལས་བྱེད་པའི་སྟེགས་བུ་ཞིག་བསྐྲུན་ཡོད་པ་རེད། སྐུ་མགྲོན་ཁྲི་གཅིག་ལྷག་ཙམ་སྐབས་འདིའི་གླེང་སྟེགས་ལ་ཞུགས་པ་དང་མཉམ་ལས་གྲོས་མཐུན་མང་པོ་ཞིག་ལ་གླེང་སྟེགས་ཀྱི་སྐབས་སུ་མིང་རྟགས་བཀོད། ཚོགས་ཞུགས་འཐུས་མི་ཚོས་ད་དུང་ཀྲུང་གོ་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ཀྱི་ད་ལྟའི་གནས་ཚུལ་དང་མ་འོངས་པའི་འཕེལ་ཕྱོགས་ལ་མཉམ་དུ་གྲོས་བསྡུར་བྱས།

ཨུ་རུ་སིའི་ཙུང་ལི་གཞོན་པ་ཡ་ལི་ཧྲན་ཏ·ནུའོ་ཝ་ཁི་ཡིས་ཚེས15ཉིན་བསྡུས་པའི་ཚང་འཛོམས་གྲོས་ཚོགས་སྟེང་བཤད་རྒྱུར།ཀྲུང་གོ་ནི་ཨུ་རུ་སིའི་ཚོང་ལས་གྲོགས་པོ་གལ་ཆེན་ཞིག་ཡིན་པ་དང་རྒྱལ་ཁབ་གཉིས་ཀྱི་ཚོང་དོན་དངུལ་འབོར་མུ་མཐུད་དུ་འཕར་ཡོད་ཟེར།

ཏ་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་དཔོན་པོ་མིང་ཉི་ཧ་ནུའོ་ཧྥུའུ་ཡིས་བསྟན་དོན། ཏ་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཀྲུང་ཨུའི་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཐད་དགེ་མཚན་ལྡན་པའི་ནུས་པ་བཏོན་ཡོད། “འབྲི་ཆུ་དང་ཧྥུའུ་ཨར་ཅ་གཙང་པོའི”ས་གནས་མཉམ་ལས་ལས་འཛིན་ལྷན་ཚོགས་ནི།ས་ཁུལ་བར་གྱི་མཉམ་འགུལ་གྱི་སྟེགས་བུ་བཟང་པོ་ཞིག་རེད། ཏ་སི་ཐན་སྤྱི་མཐུན་རྒྱལ་ཁབ་དང་འབྲི་ཆུའི་འགྲམ་རྒྱུད་ཀྱི་ཞིང་ཆེན་བར་དཔལ་འབྱོར་ཉོ་ཚོང་དང་།རིག་གནས།ཚན་རིག སློབ་གསོ། ཡུལ་སྐོར་བཅས་ཀྱི་མཉམ་ལས་འགྲོ་འོང་རྒྱུན་འཁྱོངས་བྱས་ཡོད་ཟེར།

གཡང་འབུམ་རྒྱལ་གྱིས་བསྒྱུར།