ནེ་པ་ལའི་དཔེ་དེབ་འཕོ་སྐྱོད་ས་ཚིགས་ཀྱི་སྒོ་བྱང་འགེལ་བའི་མཛད་སྒོ་བསྡུས།
2024.11.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

ཚེས15ཉིན།ནེ་པ་ལའི་དཔེ་དེབ་འཕོ་སྐྱོད་ས་ཚིགས་ཀྱི་སྒོ་བྱང་འགེལ་བའི་མཛད་སྒོ་ནེ་པ་ལའི་རྒྱལ་ས་ཀ་ཏ་མན་རྡུར་བསྡུས་པ་དང་།དཔེ་དེབ་འཕོ་སྐྱོད་ས་ཚིགས་ཀྱིས་ནེ་པ་ལའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བར་ཞབས་འདེགས་ཞུ་རྒྱུ་རེད།

ཀྲུང་གོའི་ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཁྲིན་ཞུའེ་ཡོན་དཔེ་དེབ་འཕོ་སྐྱོད་ས་ཚིགས་ཀྱི་སྒོ་བྱང་འགེལ་བའི་མཛད་སྒོར་ཞུགས་པར་མ་ཟད། རྒྱ་ཆེའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བར་ཀྲུང་ཧྭའི་ཕུལ་བྱུང་རིག་གནས་ཀྱི་རྒྱུན་འཛིན་པ་དང་བརྒྱུད་སྤེལ་མཁན།ཤེས་དཔལ་བརྗེ་རེས་ཀྱི་སྐུལ་འདེད་པ་ཞིག་བྱེད་དགོས་པའི་སྐུལ་མ་བཏང་།

ནེ་པ་ལའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་མཐུན་ཚོགས་ཀྱི་ཚོགས་གཙོ་ཅིན་ཞའོ་ཏུང་གིས་ངོ་སྤྲོད་བྱས་པ་ལྟར་ན། ནེ་པ་ལའི་དཔེ་དེབ་འཕོ་སྐྱོད་ས་ཚིགས་སུ་དཔེ་དེབ་སྣ་ཚོགས་ཆིག་སྟོང་ལྷག་ཙམ་ཡོད་པ་རེད།

ད་ལོའི་ཟླ9བའི་ཟླ་སྟོད་དུ།  ནེ་པ་ལའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་མཐུན་ཚོགས་ཀྱིས་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་དཔེ་མཛོད་ཁང་དང་མཉམ་དུ་ནེ་པ་ལའི་དཔེ་དེབ་འཕོ་སྐྱོད་ས་ཚིགས་འཛུགས་པའི་གན་རྒྱ་བཞག་པ་རེད། ཕྱིར་སྡོད་རང་མིའི་དཔེ་མཛོད་ཁང་དེ་ནི་ཕྱིར་སྡོད་རང་མི་བརྗོད་བྱ་གཙོ་བོར་བྱས་པའི་སྤྱི་ཕན་དམངས་གཉེར་གྱི་སྤྱི་པའི་དཔེ་མཛོད་ཁང་ཞིག་ཡིན་པ་དང་། སྤྱི་ཁྱབ་པུའུ་ཅང་སུའུ་ཞིང་ཆེན་ནན་ཐུང་གྲོང་ཁྱེར་དུ་ཡོད། དཔེ་མཛོད་ཁང་དེར་རྒྱལ་ཁབ་དང་ས་ཁུལ50ལྷག་ཙམ་གྱི་ཕྱིར་སྡོད་སྤུན་ཟླ་ཞུགས་ནས་བསྐྲུན་པ་ཞིག་ཡིན་པ་ལ2019ལོར་སྒོ་ཕྱེས་པ་རེད།

2021ལོའི་ལོ་མཇུག་ཏུ།  ཕྱི་རྒྱལ་དུ་དཔེ་དེབ་འཕོ་སྐྱོད་ས་ཚིགས་བཙུགས་པའི་ཚུན་དུ་ཕྱིར་སྡོད་རང་མིའི་དཔེ་མཛོད་ཁང་གིས་ད་བར་རྒྱལ་ཁབ58དུ་དཔེ་དེབ་འཕོ་སྐྱོད་ས་ཚིགས120ལྷག་ཙམ་བཙུགས་ནས། ཕྱི་རྒྱལ་གྱི་དཔེ་དེབ་འཕོ་སྐྱོད་ས་ཚིགས་ལ་དཔེ་དེབ་ཁྲི5ཙམ་ཞལ་འདེབས་སུ་ཕུལ་ཡོད་པ་རེད།

གཡང་འབུམ་རྒྱལ་གྱིས་བསྒྱུར།