མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལའེ་སི་ཡིས་ཚེས17ཉིན་ལིས་ཡུའེ་རི་ནེ་ལུའུ་རུ་བསྟན་དོན། ཐི་ལིང་ཕུའུ་ཡིས་ཡང་བསྐྱར་ཨ་མེ་རི་ཁའི་ཙུང་ཐུང་གི་འགན་ཁུར་བར་ལན་བཟང་པོ་ཞིག་སྤྲོད་རྒྱུ་ཡོད་པ་ནི་ཕྱོགས་མང་རིང་ལུགས་ལ་ཤུགས་སྣོན་བྱེད་རྒྱུ་དེ་ཡིན་ཟེར།
གསར་འགྱུར་དེ་ལས། གསར་འགོད་པའི་ཚོགས་ཆེན་སྟེང་ཐི་ལིང་ཕུའུ་ཡིས་ཡང་བསྐྱར་ནམ་ཟླའི་གྲོས་ཆོད་སོགས་འཛམ་གླིང་གི་གྲོས་ཆོད་དང་རྒྱང་དུ་གྱེས་སྲིད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྩ་འཛུགས་ཇི་འདྲ་བྱེད་པའི་སྐོར་འདྲི་སྐབས། ཀུའུ་ཐི་ལའེ་སི་ཡིས་ཆེས་གལ་ཆེ་བ་ནི་ཕྱོགས་མང་རིང་ལུགས་ཀྱི་དགོས་གལ་རང་བཞིན་ངོས་འཛིན་ཟབ་མོ་ཡོད་རྒྱུ་དང་ཕྱོགས་མང་རིང་ལུགས་ལས་ཁུངས་ལ་ཤུགས་སྣོན་རྒྱུ་དེ་ཡིན་ཞེས་བཤད་པ་རེད།
ཀུའུ་ཐི་ལའེ་སི་ཡིས་བཤད་ན། གལ་ཏེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངོས་ཐད་དང་། རྒྱལ་སྤྱིའི་དངུལ་རྩའི་སྒྲོམ་གཞིའི་ཁྲོད་ལག་བསྟར་བྱེད་ཅིང་། གལ་ཏེ་སྲིད་གཞུང་བར་དོན་སྙིང་ཡོད་པའི་གྲོས་མོལ་བྱེད་པ་མ་ཟད། ཕྱོགས་མང་རིང་ལུགས་ཀྱིས་ཁྱབ་ཁོངས་འདི་དག་ཐད་ཤུགས་སྣོན་བརྒྱབ་པ་ཡིན་ན། དེ་ནི་ལན་ཆེས་བཟང་པོ་དེ་ཡིན་ཟེར།
གསར་འགྱུར་ལས། ཀུའུ་ཐི་ལའེ་སི་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི2030ལོའི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་ལ་སྲུང་སྐྱོང་བརྟན་པོ་བྱེད་རྒྱུ་ཡིན་ལ། ཁོས་གྲོས་རིམ་དེ་ནི་འཛམ་གླིང་སྟེང་གནས་པའི་འདྲ་མཉམ་མིན་ཞིང་དྲང་གཞག་མིན་པའི་སྣང་ཚུལ་ཚབས་ཆེན་ལ་ཁ་གཏད་འཇལ་བའི་ཐབས་ལམ་ཡང་དག་ཅིག་ཡིན་ཟེར།
རིག་འཛིན་སྒྲོལ་མས་བསྒྱུར།