ཚེས18ཉིན། པ་ཞི་ཡི་ཙུང་ཐུང་ལུའུ་ལཱ་ཡིས་ལིས་ཡུའེ་རི་ནེ་ལུའུ་རུ། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་བཀྲེས་ལྟོགས་དང་དབུལ་ཕོངས་འགོག་བཅོས་བྱེད་པའི་འཛམ་གླིང་མནའ་འབྲེལ་གྱི་ལས་དོན་འགོ་བརྩམས་པ་ཁྱབ་བསྒྲགས་བྱས།
ལུའུ་ལཱ་ཡིས་ཉིན་དེར་སྤེལ་བའི་རྒྱལ་ཁབ་ཉི་ཤུ་སྡེ་ཚོགས་ཀྱི་འགོ་ཁྲིད་པའི་རྩེ་ཚོགས་ཐེངས་བཅུ་དགུ་པའི་མགོ་རྩོམ་མཛད་སྒོའི་སྐབས་སུ་གོང་གི་རྐྱེན་སྲོལ་དེ་མགོ་བརྩམས་པ་ཁྱབ་བསྒྲགས་བྱས། ཁོས་ཤིས་ཚིག་ཁྲོད་བཤད་རྒྱུར། བཀྲེས་ལྟོགས་དང་དབུལ་ཕོངས་འགོག་བཅོས་བྱེད་པ་ནི་དེང་སྐབས་འཛམ་གླིང་གི་གྲོས་དོན་གལ་ཆེན་ཞིག་ཡིན་ལ། གོང་གི་མནའ་འབྲེལ་འཛུགས་དོན་ནི་སྔར་ལས་འཕྱོར་ཕྱུག་གི་སྤྱི་ཚོགས་དང་ཞི་བདེ་ཡི་འཛམ་གླིང་ཞིག་བསྐྲུན་པའི་དགོས་ངེས་ཀྱི་ཆ་རྐྱེན་ཞིག་ཡིན་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི2030ལོའི་རྒྱུད་མཐུད་འཕེལ་རྒྱས་དམིགས་འབེན་དང་འཚམ་པར་མ་ཟད། རྒྱལ་ཁབ་སོ་སོས་བཀྲེས་ལྟོགས་དང་དབུལ་ཕོངས་སོགས་ཀྱི་གྲོས་དོན་ལ་མཉམ་གྲོས་དང་། དེའི་སྐོར་ནས་སྲིད་ཇུས་གཏན་འབེབ་དང་མ་དངུལ་བསྡུ་རུབ་བྱེད་པར་ཕན་ཐོགས་ཡོད་ཟེར།
འཛམ་གླིང་འབྲུ་རིགས་འཆར་འགོད་ཧྲུའུ་སོགས་རྒྱལ་སྤྱིའི་རྩ་འཛུགས་ཀྱིས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། 2023ལོར་འཛམ་གླིང་དུ་སྔར་བཞིན་བཀྲེས་ལྟོགས་ཀྱིས་མནར་བའི་མི་དུང་ཕྱུར་བདུན་དང་བྱེ་བ་གསུམ་དང་ས་ཡ་གསུམ་ཙམ་ཡོད།
རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འགོ་ཁྲིད་པའི་རྩེ་ཚོགས་ཐེངས་བཅུ་དགུ་པ་ཟླ11པའི་ཚེས18ཉིན་ནས་ཚེས19ཉིན་བར་ལིས་ཡུའེ་རི་ནེ་ལུའུ་རུ་བསྡུ་རྒྱུ་རེད།
རིག་འཛིན་སྒྲོལ་མས་བསྒྱུར།