ཨར་ཅི་རི་ཡས་སྲིད་གཞུང་བསྐྱར་སྒྲིག་བྱས།
2024.11.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 29

ཚེས18ཉིན། ཨར་ཅི་རི་ཡའི་ཙུང་ཐུང་བཞུགས་ཤག་གིས་གསར་འགྱུར་ཁྱབ་བསྒྲགས་བྱས་ནས་བཤད་རྒྱུར། ཨར་ཅི་རི་ཡའི་ཙུང་ཐུང་ཐི་པིན་གྱིས་ཉིན་དེར་སྲིད་གཞུང་བསྐྱར་སྒྲིག་བྱེད་པ་ཁྱབ་བསྒྲགས་བྱས་པ་དང་། ཙུང་ལི་ཨ་ཨར་པ་ཝེ་ཡི་འགན་སོར་འཇོག་བྱས་ཏེ་སྲིད་གཞུང་གསར་བའི་ཙུང་ལི་ཡི་འགན་ཁུར་དུ་བཅུག

ཉིན་དེའི་སྔ་ཤས་སུ། ཨ་ཨར་པ་ཝེ་ཡིས་ཐི་པིན་ལ་ནེ་ཀི་དགོངས་ཞུའི་ཡི་གེ་སྤྲད་པ་དང་། ཐི་པིན་གྱིས་དགོངས་ཞུ་དང་ལེན་བྱས་པར་མ་ཟད། ཨ་ཨར་པ་ཝེ་ཡང་བསྐྱར་སྲིད་གཞུང་གསར་བའི་ཙུང་ལི་ལ་བསྐོས། ཕྱི་འབྲེལ་པུའུ་ཀྲང་དང་། ནང་སྲིད་པུའུ་ཀྲང་། ནོར་སྲིད་པུའུ་ཀྲང་། ནུས་ཁུངས་པུའུ་ཀྲང་སོགས་སྲིད་གཞུང་སྔོན་མའི་པུའུ་ཀྲང་དག་གི་ལས་འགན་སོར་འཇོག་བྱས་ཡོད།

ཨར་ཅི་རི་ཡའི་དམག་དཔུང་གི་བློ་འདོན་པ་སེ་དབྱི་ཏི་ཧྲིན་ལིས་ཧཱ་རྒྱལ་སྲུང་པུའུ་ཀྲང་གི་འཐུས་མི་རུ་བསྐོ་འཇོག་བྱས། སྲིད་གཞུང་གསར་པས་ད་དུང་ཁྲིམས་འཛིན་པུའུ་ཀྲང་དང་བཟོ་ལས་པུའུ་ཀྲང་གསར་དུ་བསྐོ་འཇོག་བྱས།

ད་ལོའི་ཟླ9ཚེས7ཉིན། ཨར་ཅི་རི་ཡས་ཙུང་ཐུང་འདེམ་བསྐོ་བྱས་ཤིང་། ཐི་པིན་ལ་འདེམ་བསྐོའི་ཁྲོད་བསྟུད་འགན་ཁུར་བའི་རྒྱལ་ཁ་ཐོབ། ཟླ9ཚེས17ཉིན། ཐི་པིན་གྱིས་དམ་བཅའ་བཞག་ནས་ལས་འགན་ཁུར་བ་དང་། ཙུང་ཐུང་གི་འགན་བཞེས་ཐེངས་གཉིས་པའི་མགོ་བརྩམས་པ་རེད།

རིག་འཛིན་སྒྲོལ་མས་བསྒྱུར།