ལེ་པ་ནོན་དང་དབྱི་སི་རལ་བར་དམག་འཁྲུག་རྒྱག་མཚམས་འཇོག་རྒྱུའི་གྲོས་མོལ་བྱེད་འགོ་བརྩམས།
2024.11.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 30

ཚེས18ཉིན། ལེ་པ་ནོན་སྲིད་གཞུང་གི་དཔོན་རིགས་ཀྱིས་བཤད་རྒྱུར། ལེ་པ་ནོན་སྲིད་གཞུང་དང་ལེ་པ་ནོན་ཀྲིན་ཀྲུའུ་ཏང་གིས་ཨ་མེ་རི་ཁའི་དེ་སྔའི་ལེ་པ་ནོན་དང་དབྱི་སི་རལ་བར་དམག་འཁྲུག་རྒྱག་མཚམས་འཇོགཔའི་སྐོར་གྱི་གྲོས་མཐུན་འཆར་ཟིན་བཏོན་པར་དེ་བསྟུན་གྱི་ཨ་ལན་བྱིན་ཡོད་ཟེར། དབྱི་སི་རལ་གྱི་ཙུང་ལི་པུན་ཡ་མེན·ནེ་ཐཱ་ཉི་ཡ་ཧུའུ་ཡིས་ཉིན་དེར་ལངས་ཕྱོགས་བརྟན་པོ་བསྟན་ནས་བཤད་རྒྱུར། ཀྲིན་ཀྲུའུ་ཏང་གིས་དྲག་ཆས་ཀྱི་དཔུང་སླར་ཡང་ངོམ་རྩིས་བྱེད་ཀྱིན་པར་སྔོན་འགོག་བྱེད་ཆེད། དབྱི་སི་རལ་དང་ལེ་པ་ནོན་བར་དམག་འཁྲུག་རྒྱག་མཚམས་འཇོག་པའི་ཐད་ནས་གྲོས་མཐུན་བཀོད་ནའང་། དབྱི་སི་རལ་དམག་དཔུང་གིས་ཀྲིན་ཀྲུའུ་ཏང་གིས་འཇབ་རྒོལ་བྱས་པ་ལ་དེ་བསྟུན་གྱི་མ་ལག་ལྡན་པའི་སྒོ་ནས་དམག་དོན་རྡུང་རྡེག་གཏོང་རྒྱུ་ཡིན་ཟེར།

ལེ་པ་ནོན་གྱི་རྒྱལ་དམངས་གྲོས་ཚོགས་ཀྱི་གྲོས་དཔོན་ན་པིས·པེ་ལིས་ཀྱི་ལས་རོགས་ཨ་ལིས·ཧ་སང·ཧ་ལིས་ལེ་ཡིས་ཚེས18ཉིན་བཤད་རྒྱུར། ལེ་པ་ནོན་སྲིད་གཞུང་གིས་ཉིན་དེར་ཨ་མེ་རི་ཁ་ཕྱོགས་ཀྱིས་བཏོན་པའི་དམག་མཚམས་འཇོག་རྒྱུའི་འཆར་ཟིན་སྐོར་ལ་ལེ་པ་ནོན་དུ་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཆེན་མོ་ཁང་ལ་ཡིག་ཐོག་ནས་ལན་བྱིན་ཡོད་ཅིང་། ལེ་པ་ནོན་ཕྱོགས་ཀྱིས་དགེ་མཚན་ལྡན་པའི་སྒོ་ནས་དམག་འཁྲུག་རྒྱག་མཚམས་འཇོག་རྒྱུའི་འཆར་ཟིན་སྐོར་ལ་བསམ་འཆར་བཏོན་པ་དང་། “བསམ་འཆར་ཡོད་ཚད”ཚང་མས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་དོན་ཚན1701ལ་བརྩི་སྲུང་ནན་མོ་ཞུ་བཞིན་ཡོད་ཟེར།

བན་དེ་སྐྱབས་ཀྱིས་བསྒྱུར།