མཱ་ལིའི་གནས་སྐབས་སྲིད་གཞུང་གི་ཙུང་ལི་མཱ་དབྱི་ཅ་ཡི་གོ་གནས་བླངས།
2024.11.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

མཱ་ལིའི་ཙུང་ཐུང་བཞུགས་ཤག་གི་དྲུང་ཡིག་ཆེན་མོ་ཏིས་ཡ་ཝ་ལཱ་ཡིས་ཚེས20ཉིན་བསྒྲགས་པ་ལྟར་ན། མཱ་ལིའི་གནས་སྐབས་སྲིད་གཞུང་གི་ཙུང་ལི་མཱ་དབྱི་ཅ་ཡི་གོ་གནས་ཉིན་དེར་བླངས་ཡོད་ཟེར།

ཏིས་ཡ་ཝ་ལཱ་ཡིས་ཉིན་དེར་རྒྱལ་ཁབ་བརྙན་འཕྲིན་ཁང་བརྒྱུད་དེ། མཱ་ལིའི་ཙུང་ཐུང་ཀི་དབྱི་ཐཱ་ཡིས་བཀའ་ཁྲིམས་སྟེང་མིང་བཀོད་དེ། མཱ་དབྱི་ཅ་དང་སྲིད་གཞུང་གི་ཁོངས་མི་དག་གི་གོ་གནས་བླངས་པ་ཁྱབ་བསྒྲགས་བྱས།

མཱ་དབྱི་ཅ་ཡིས2021ལོའི་ཟླ6པའི་ཚེས7ཉིན་མ་ལི་གནས་སྐབས་སྲིད་གཞུང་གི་གི་ཙུང་ལིའི་འགན་ཁུར། མཱ་དབྱི་ཅ་ནི་མཱ་ལིའི་ངོ་རྒོལ་ཕྱོགས་ཁག་རྩ་འཛུགས་ཏེ་ཟླ6པའི་ཚེས5ཉིན་གྱི་ལས་འགུལ་ཞེས་པའི་རྒྱལ་གཅེས་སྟོབས་ཤུགས་མནའ་འབྲེལ་འཛུགས་མཁན་གྲས་ཀྱི་གཅིག་ཡིན་པ་དང་། མིག་སྔར་རྩ་འཛུགས་དེའི་འཐབ་ཇུས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་འགན་ཁུར་ཡོད། ཟླ་འདིའི་ཚེས16ཉིན། མཱ་དབྱི་ཅ་ཡིས་ཟླ6པའི་ཚེས5ཉིན་གྱི་ལས་འགུལ་ཏེ་རྒྱལ་གཅེས་སྟོབས་ཤུགས་མནའ་འབྲེལ་གྱི་གྲོས་ཚོགས་སྟེང་མཱ་ལིའི་གནས་སྐབས་སྲིད་གཞུང་ལ་ཁ་རྡུང་དྲག་པོ་བཏང་། ཚེས19ཉིན། མཱ་ལིའི་རྒྱལ་ས་པཱ་མ་ཁི་སོགས་གྲོང་ཁྱེར་མང་པོ་རུ་རྒོལ་གཏམ་བྱ་འགུལ་སྤེལ་ནས། མཱ་དབྱི་ཅ་ཡི་གོ་གནས་ལེན་རྒྱུའི་རེ་བ་བཏོན།

རིན་ཆེན་མཚོས་བསྒྱུར།