ཚེས20ཉིན། ལེ་པ་ནོན་ཀྲིན་ཀྲུའུ་ཏང་གི་འགོ་ཁྲིད་པ་ནཱ་དབྱི་མུའུ·ཁ་ཞི་མུའུ་ཡིས་བཤད་རྒྱུར། ཀྲིན་ཀྲུའུ་ཏང་གིས་ཨ་མེ་རི་ཁས་བཏོན་པའི་ལེ་པ་ནོན་དང་དབྱི་སི་རལ་བར་དམག་འཁྲུག་རྒྱག་མཚམས་འཇོག་རྒྱུའི་སྐོར་གྱི་གྲོས་མཐུན་འཆར་ཟིན་ལ་ལངས་ཕྱོགས་གསལ་སྟོན་བྱས་པ་དེ་ནི། ལེ་པ་ནོན་སྲིད་གཞུང་གི་ལྟ་བ་དང་གཅིག་མཚུངས་ཡིན་ཞིང་། ད་ཆ་ཐག་གཅོད་དབང་ཆ་དེ་དབྱི་སི་རལ་གྱི་ཕྱོགས་སུ་ཡོད་ཟེར།
ཁ་ཞི་མུའུ་ཡིས་ཉིན་དེར་བརྙན་འཕྲིན་གྱི་ལམ་ནས་གཏམ་བཤད་སྐབས། ཀྲིན་ཀྲུའུ་ཏང་གིས་དམག་འཁྲུག་རྒྱག་མཚམས་འཇོག་ཐུབ་མིན་གྱི་ཆ་རྐྱེན་དང་པོ་ནི་དབྱི་སི་རལ་གྱིས་ལེ་པ་ནོན་ལ“བཙན་འཛུལ”བྱེད་མཚམས་བཞག་སྟེ། ལེ་པ་ནོན་གྱི་བདག་དབང་ལ་བརྩི་འཇོག་བྱ་རྒྱུ་དེ་ཡིན་པ་ལས། དབྱི་སི་རལ་གྱིས་གྲོས་མོལ་བྱེད་སྐབས་ཆ་རྐྱེན་བཙན་འགེལ་བྱེད་མི་རུང་ཟེར།
ཁ་ཞི་མུའུ་ཡིས་ཀྲིན་ཀྲུའུ་ཏང་གིས་གྲོས་མོལ་གྱི་མཇུག་འབྲས་ལ་སྒུག་བཞིན་དམག་དོན་སྦྱོར་བ་སྤེལ་མཚམས་འཇོག་མི་སྲིད་པར། དེ་ལས་ལྡོག་ཏེ་ཀྲིན་ཀྲུའུ་ཏང་གིས་རྒྱུན་སྲིང་དམག་འཁྲུག་ལ་ཁ་གཏད་འཇལ་དགོས་པའི་ཐད་ནས་གྲ་སྒྲིག་གང་ལེགས་བྱས་ཡོད། གལ་སྲིད་དབྱི་སི་རལ་གྱིས་ལེ་པ་ནོན་དང་ལྷག་པར་དུ་ལེ་པ་ནོན་གྱི་རྒྱལ་ས་པའེ་ལུའུ་ཐིར་དམིགས་པའི་ཕར་རྒོལ་གྱི་རིམ་པ་མཐོ་རུ་བཏང་བ་ཡིན་ན། ཀྲིན་ཀྲུའུ་ཏང་གིས་ཀྱང“ཐེ་ལ་ཝའེ་ཧྥུའུ་གྲོང་ཁྱེར་གྱི་ལྟེ་བར་ཕར་རྒོལ”བྱས་ནས་འཁོན་ལན་སློག་རྒྱུ་ཡིན་ཟེར།
བན་དེ་སྐྱབས་ཀྱིས་བསྒྱུར།