སི་ཕེན་གྱི་དབུ་བཞུགས་བློན་ཆེན་སང་ཆེ་སི་དང་ཕ་ལེ་སི་ཐན་གྱི་ཙུང་ལི་མུའུ་སི་ཐ་ཧྥ་གཉིས་ཀྱིས་ཚེས21ཉིན་སི་ཕེན་གྱི་རྒྱལ་ས་མ་ཏེ་རི་ནས་ཕྱོགས་གཉིས་ཀྱི་སྲིད་གཞུང་བར་གྱི་གྲོས་ཚོགས་ཐེངས་དང་པོར་མགོ་འཛིན་བྱས།
སི་ཕེན་གྱི་དབུ་བཞུགས་བློན་ཆེན་བཞུགས་ཤག་དྲ་ཚིགས་ནས་བསྒྲགས་པའི་གནས་ཚུལ་ལྟར་ན། རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གིས་ཉིན་དེར་མཉམ་འབྲེལ་གསལ་བསྒྲགས་ཤིག་ལ་གྲོས་འཆམ་བྱུང་ནས། རྒྱལ་ཁབ་གཉིས་ཀྱི་ཞི་བདེ་གྲོགས་པོའི་འབྲེལ་བ་བསྐྱར་བསྒྲགས་བྱས་པར་མ་ཟད། ངལ་རྩོལ་བཟོ་བ་དང་སློབ་གསོ། ན་གཞོན་དང་ཞིང་ལས་བཅས་བཞིའི་ཐད་ཀྱི་བཟོད་སྒོམ་བརྗེད་ཐོ་བཀོད།
སང་ཆེ་སི་ཡིས། རྒྱལ་ཁབ་གཉིས་བར་གྱི་མཉམ་ལས་ཁྱབ་ཁོངས་མུ་མཐུད་དུ་རྒྱ་སྐྱེད་པར་འབད་བརྩོན་བྱེད་རྒྱུ་ཡིན་པ་དང་། སི་ཕེན་གྱིས2023ལོར་སི་ཕེན་ལ་རོགས་བྱེད་ཤུགས་ཇེ་ཆེར་བཏང་བ་དང་། 2024ལོར་ད་དུང་མུ་མཐུད་དུ་སྔར་ལས་ཇེ་ཆེར་གཏོང་རྒྱུ་ཡིན་ཟེར། ཁོས་ད་དུང་མ་འོངས་པའི་ལོ་གཉིས་ནང་ཕ་ལེ་སི་ཐན་ལ་ཉུང་མཐར་ཡང་ཡོ་སྒོར་བྱེ་བ་བདུན་དང་ས་ཡ་ལྔའི་རྒྱབ་སྐྱོར་འདོན་སྤྲོད་བྱེད་རྒྱུ་ཁས་ལེན་བྱས།
སང་ཆེ་སི་ཡིས། ཅ་ཧྲ་ས་ཁུལ་དང་ལེ་པ་ནོན་བར་གྱི་འཁྲུག་མཚམས་འཇོག་པའི་གྲོས་མཐུན་མྱུར་དུ་འགོད་འོས་པ་མ་ཟད། རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་མི་ཆོས་རིང་ལུགས་་བཅའ་ཁྲིམས་ལ་བརྩི་བཀུར་བྱས་ནས། མྱུར་དུ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་དགོས་པ་བསྐྱར་བཤད་བྱས། དེའི་ཞོར་དུ་ཁོས་ད་དུང་ཕ་ལེ་སི་ཐན་ཧྭ་མ་སི་ཡིས་བཀག་བཟུང་བྱས་པའི་མི་སྣ་ཡོངས་རྫོགས་ཕྱིར་གཏོང་རྒྱུའི་བསམ་འཆར་བཏོན།
རིན་ཆེན་མཚོས་བསྒྱུར།