རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གིས་ཚེས21ཉིན་ཧའེ་ཡ་ནས་དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་དང་རྒྱལ་སྲུང་པུའུ་ཡི་སྔོན་ཆད་ཀྱི་པུའུ་ཀྲང་ཅཱ་ལན་ཐི། ཕ་ལེ་སི་ཐན་ཧ་མ་སིའི་དམག་དོན་བཀོད་འདོམས་དཔོན་པོ་མུའུ་ཏན་མུའུ་ཏི.ཏིས་ཡ་པུའུ.དབྱི་པུའུ་ལ་ཞིན.མཱ་སི་ལིས་བཅས་འཛིན་བཟུངབྱེད་རྒྱུའི་བཀའ་རྒྱ་སྤེལ།
ཁྲིམས་ཁང་དེས་གསལ་བསྒྲགས་ནང་བཤད་རྒྱུར། ནེ་ཐ་ཉི་ཡ་ཧུའུ་དང་ཅཱ་ལན་ཐི་ཡིས་ཉུང་མཐར་ཡང2023ལོའི་ཟླ10པའི་ཚེས8ཉིན་ནས2024ལོའི་ཟླ5པའི་ཚེས20ཉིན་བར་དུ་མིའི་རིགས་དང་འགལ་བའི་ཉེས་བྱས་དང་དམག་འཁྲུག་ཉེས་བྱས་བཟོས་ཡོད་ཅེས་སྐྱོན་འདོན་བྱས་པ་དང་། གསལ་བསྒྲགས་ནང་དུ་ཁོ་ཚོའི་ཉེས་སྤྱོད་གསལ་བོར་བཀོད་ཡོད་པ་དང་། དེའི་ནང་སྤྱི་དམངས་ལ་བསམ་གཟས་ནས་འཇབ་རྒོལ་བྱེད་པ་དང་བསམ་གཟས་ནས་ཅཱ་ཧྲའི་སྤྱི་དམངས་ཀྱི་འཚོ་བའི་གཞི་རྩའི་དངོས་ཟོག་འཕྲོག་པ་སོགས་འདུ།
མཱ་སི་ལིས་ཀྱིས2023ལོའི་ཟླ10པའི་ཚེས7ཉིན་ནས་བཟུང་དབྱི་སི་རལ་དང་ཕ་ལེ་སི་ཐན་གྱི་མངའ་ཁོང་ནང་དམག་འཁྲུག་ཉེས་བྱས་དང་མིའི་རིགས་ལ་ངོ་རྒོལ་བྱེད་པའི་ཉེས་བྱས་བཟོས་ཞེས་སྐྱོན་འདོན་བྱས།
ད་ལོའི་ཟླ5པའི་ནང་། རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གི་ཞིབ་དཔྱོད་དཔོན་པོ་ཁཱ་ལིས་མུའུ.ཧྭན་གྱིས་མི་ལྔ་འཛིན་བཟུང་བྱེད་རྒྱུའི་སྙན་ཞུ་ཕུལ་བ་དང་། དེའི་ནང་ནེ་ཐ་ཉི་ཡ་ཧུའུ་དང་ཅཱ་ཐི་ལན། མཱ་སི་ལིས་བཅས་གསུམ་ལས་གཞན་ད་དུང་ཧ་མ་སིའི་མཐོ་རིམ་འགོ་ཁྲིད་མི་སྣ་དབྱི་སི་མེ་ཨེར.ཧ་ཉི་ཡ་དང་ཡེ་མེ་ཡཱ.ཞིན་ཝ་ཨར་གཉིས་འདུ། ཧ་ཉི་ཡ་དང་ཞིན་ཝ་ཨར་གཉིས་འཆི་བ་ཤེས་རྗེས། མི་དེ་གཉིས་ཀྱི་འཛིན་བཟུང་བཀའ་རྒྱ་ཕྱིར་འཐེན་བྱས། མཱ་སི་ལིས་འཆི་མིན་གསལ་བོ་མི་ཤེས་པའི་དབང་གིས། ཁོར་ཁ་གཏད་པའི་འཛིན་བཟུང་བཀའ་རྒྱར་སྔར་བཞིན་ནུས་པ་ལྡན་ཟེར།
རིན་ཆེན་མཚོས་བསྒྱུར།