མཱ་ལིའི་ཙུང་ཐུང་བཞུགས་ཤག་གི་དྲུང་ཡིག་ཆེན་མོ་ཏིས་ཡ་ཝ་ལས་ཚེས21ཉིན་བསྒྲགས་པ་ལྟར་ན། ཙུང་ཐུང་ཀི་དབྱི་ཐཱ་ཡིས་བཀའ་ཁྲིམས་སྟེང་མིང་བཀོད་དེ། ཨ་པུའུ་ཏུའུ་ལ་ཡེ.མཱ་དབྱི་ཅཱ་གནས་སྐབས་སྲིད་གཞུང་གི་ཙུང་ལི་གསར་བར་བསྐོ་འཇོག་བྱས།
ཏིས་ཡ་ཝ་ལས་ཉིན་དེར་རྒྱལ་ཁབ་བརྙིན་འཕྲིན་ཁང་བརྒྱུད་དེ། ཨ་པུའུ་ཏུའུ་ལ་ཡེ.མཱ་དབྱི་ཅཱ་ཡིས་སྲིད་གཞུང་ལ་སྐྱོན་བརྗོད་བྱས་ནས་གོ་གནས་བླངས་པའི་སྔོན་ཆད་ཀྱི་ཙུང་ལི་ཆོ་ཀའེ.ཁི་ཁཱ་ལ.མཱ་དབྱི་ཅའི་ཚབ་བྱས་ནས་མཱ་ལི་གནས་སྐབས་སྲིད་གཞུང་གི་ཙུང་ལི་རུ་བདམས་པ་ཁྱབ་བསྒྲགས་བྱས།
ཟླ་འདིའི་ཚེས16ཉིན། ཆོ་ཀའེ.ཁི་ཁཱ་ལས་ཟླ6པའི་ཚེས5ཉིན་གྱི་ལས་འགུལ་ཏེ་རྒྱལ་གཅེས་སྟོབས་ཤུགས་མནའ་འབྲེལ་གྱི་གྲོས་ཚོགས་སྟེང་མཱ་ལི་གནས་སྐབས་སྲིད་གཞུང་ལ་སྐྱོན་བརྗོད་དྲག་པོ་བྱས་ནས། གནས་སྐབས་སྲིད་གཞུང་གིས་ཞི་དཔོན་གྱི་དབང་བསྒྱུར་སླར་གསོ་བྱེད་པའི་ཕྱོགས་ནས་གཏན་ཁེལ་རང་བཞིན་མེད་ཅེས་རྒོལ་གཏམ་བཏང་།
ཨ་པུའུ་ཏུའུ་ལ་ཡེ.མཱ་དབྱི་ཅ་ཡིས་དེའི་སྔོན་དུ་མཱ་ལི་གནས་སྐབས་སྲིད་གཞུང་གི་མགྲིན་ཚབ་པའི་འགན་ཁུར་ཡོད།
རིན་ཆེན་མཚོས་བསྒྱུར།