ཀྲུང་གོའི་གློག་བརྙན་དུས་ཆེན་ཁོང་ཀོ(པུའུ)རུ་བསྡུ་འགོ་བརྩམས།
2024.11.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

ཀྲུང་གོ་དང་ཁོང་ཀོ(པུའུ)བར་འབྲེལ་བ་བཙུགས་ནས་ལོ་དྲུག་ཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་ཀྲུང་གོའི་གློག་བརྙན་དུས་ཆེན་གྱི་གློག་བརྙན་ཐོག་མར་སྟོན་པའི་མཛད་སྒོ་ཚེས21ཉིན་ཁོང་ཀོ(པུའུ)ཡི་རྒྱལ་ས་པུའུ་ལ་ཁྲའེ་ཝེ་ཨར་རུ་བསྡུས།

ཁོང་ཀོ(པུའུ)ཡི་རིག་གནས་དང་གནས་སྐོར། སྒྱུ་རྩལ་ཐོན་ལས། རྩེད་འཇོ་པུའུ་ཡི་པུའུ་ཀྲང་ཕིན་ཀི་དང་། མཐོ་རིམ་སློབ་གསོ། ཚན་རིག་ཞིབ་འཇུག་དང་ལག་རྩལ་གསར་གཏོད་པུའུ་ཡི་པུའུ་ཀྲང་ཨ་ཏུའུ་ཅི། ཀྲུང་གོའི་ཁོང་ཀོ(པུའུ)་རུ་སྡོད་པའི་གཞུང་ཚབ་ཆེན་མོ་ལིས་ཡན་སོགས་མི་སུམ་བརྒྱ་ཙམ་ཐོག་སྟོན་མཛད་སྒོར་ཞུགས།

ཕིན་ཀི་ཡིས་བསྟན་དོན། ཁོང་ཀོ(པུའུ)་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་མ་ཆད་པར་སྐས་རིམ་གསར་བ་རུ་སླེབས་པ་དང་། རིག་གནས་སྒྱུ་རྩལ་མཉམ་ལས་ཀྱི་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ལ། ཕྱོགས་གཉིས་ཀྱིས་ཕན་ཚུན་སློབ་སྦྱོང་དང་དཔེ་ལྟ་བྱེད་པར་སྔར་ལས་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་ཇེ་ཟབ་ཏུ་གཏོངབའི་ཐད་མི་གཞུང་གི་འཚོ་བཅུད་འདོན་སྤྲོད་བྱེད་རྒྱུ་ཡིན།

ལིས་ཡན་གྱིས་བཤད་རྒྱུར། གློག་བརྙན་ནི་སྒྱུ་རྩལ་གྱི་གཅེས་ནོར་དང་རིག་གནས་ཀྱི་ཉིང་བཅུད་ཡིན། ཀྲུང་གོ་དང་ཁོང་ཀོ(པུའུ)་མི་གཞུང་བརྗེ་རེས་ཀྱི་གྲུབ་འབྲས་ཁྱད་དུ་འཕགས་པ་དང་། མི་དམངས་བར་ཕན་ཚུན་རྒྱུས་མངའ་བྱེད་པར་སྐུལ་འདེད་བཏང་།  ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་རྩེ་ཚོགས་ཀྱི་གྲུབ་འབྲས་ལག་བསྟར་བྱེད་རྒྱུ་དེ་གོ་སྐབས་སུ་བརྩིས་ནས། འཛམ་གླིང་ཧྲིལ་བོའི་དཔལ་ཡོན་གྲོས་གཞི་ཁོང་ཀོ(པུའུ)་ནས་ལག་བསྟར་བཟང་བོ་བྱེད་པར་སྐུལ་འདེད་གཏོང་བ་དང་། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་རོགས་འདེགས་བྱེད་རྒྱུ་ཡིན།

ཐོག་སྟོན་མཛད་སྒོའི་སྟེང་ཀྲུང་གོ་དང་ཁོང་ཀོ(པུའུ)་བར་འབྲེལ་བ་བཙུགས་ནས་ལོ་དྲུག་ཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་ཆེད་དོན་གློག་བརྙན་བཏང་བ་དང་། གློག་བརྙན་དུས་ཆེན་སྐབས་སུ་ས་དེའི་གློག་བརྙན་ཁང་དུ་ཀྲུང་གོའི་གློག་བརྙན་འགའ་གཏོང་རྒྱུ་རེད།