ཕ་ལེ་སི་ཐན་གསར་འགྱུར་ཁང་གིསཚེས23ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། དབྱི་སི་རལ་དམག་དཔུང་གིས་ཚེས22ཉིན་གྱི་དགོང་མོ་ནས་ཚེས23ཉིན་གྱི་ཞོགས་པའི་བར་ཅ་ཧྲ་ས་ཁུལ་གྱི་ས་ཆ་མང་པོར་འགས་གཏོར་བཏང་ནས་ཉུང་མཐར་ཡང་ཕ་ལེ་སི་ཐན་གྱི་མི17རྐྱེན་ལམ་དུ་བཏང་ཟེར།
བསྒྲགས་པའི་གནས་ཚུལ་ལྟར་ན། དབྱི་སི་རལ་དམག་དཔུང་གིས་ཅ་ཧྲ་ས་ཁུལ་གྱི་བྱང་རྒྱུད་ཅ་ཧྲ་གྲོང་ཁྱེར་དང་། དབུས་རྒྱུད་ནུའུ་སའེ་ལའེ་ཐི་ཡུལ་གྱར་བའི་སྒར། ལྷོ་རྒྱུད་ཧན་ཡིའུ་ཉི་སི་བཅས་ཀྱི་ཁང་པ་མང་པོ་འགས་གཏོར་བཏང་ནས་མི17རྐྱེན་ལམ་དུ་བཏང་བ་དང་། རྐྱེན་ལམ་དུ་ཤོར་བའི་ཁྲོད་བྱིས་པ་ཚུད་ཡོད་པ་དང་མི་མང་པོར་རྨས་ཕོག་ཡོད།
མིག་སྔའི་བར་དུ། དབྱི་སི་རལ་དམག་དཔུང་གིས་འཇབ་རྒོལ་དོན་རྐྱེན་ལ་ཨ་ལན་སྤྲད་མེད།
ཕ་ལེ་སི་ཐན་ཅ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཚེས21ཉིན་བསྒྲགས་པའི་གཞི་གྲངས་ལྟར་ན། ན་ནིང་གི་ཟླ་བ་བཅུ་པར་རེས་སྐོར་གསར་པའི་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གདོང་ཐུག་བྱུང་བ་ནས་བཟུང་། དབྱི་སི་རལ་གྱིས་ཅ་ཧྲ་ས་ཁུལ་དུ་དམག་དོན་བྱ་སྤྱོད་སྤེལ་ནས་ཕ་ལེ་སི་ཐན་པ་ཁྲི་བཞི་དང་སྟོང་བཞི་ལྷག་རྐྱེན་ལམ་དུ་ཤོར་བ་དང་མི་འབུམ་གཅིག་ལྷག་ལ་རྨས་ཕོག་ཡོད།
ཤ་བོ་རིན་མཚོས་བསྒྱུར།