ཨུ་རུ་སི་དཀར་པོ་དང་ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཀྲང་གིས་ནུབ་ཕྱོགས་ཀྱི་ཁྲིམས་འགལ་བཀག་སྡོམ་ལ་མཉམ་དུ་ཁ་གཏད་འཇལ་རྒྱུའི་ཚུལ་བསྟན།
2024.11.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

ཨུ་རུ་སི་དཀར་པོའི་ཕྱི་འབྲེལ་པུའུ་ཀྲང་ལའེ་རིན་ཁི་ཧྥུའུ་དང་ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཀྲང་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས22ཉིན་ཨུ་རུ་སི་དཀར་པོའི་སི་པུའུ་ལེ་སི་ཐི་ནས་ཐུག་འཕྲད་བྱས་ཏེ། ནུབ་ཕྱོགས་ཀྱི་ཁྲིམས་འགལ་བཀག་སྡོམ་ལ་མཉམ་དུ་ཁ་གཏད་འཇལ་རྒྱུའི་ཚུལ་བསྟན།

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་གསར་འགོད་པའི་ཚོགས་ཐོག་ཏུ་བཤད་རྒྱུར། ནུབ་ཕྱོགས་རྒྱལ་ཁབ་ཀྱིས་རྒྱལ་སྤྱིའི་བཅའ་ཁྲིམས་ལ་རྒྱབ་འགལ་ཚབས་ཆེན་བྱས་པ་དང་། འཛམ་གླིང་ཉོ་ཚོང་རྩ་འཛུགས་དང་། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས། འཛམ་གླིང་དངུལ་ཁང་སོགས་ཀྱི་སྒྲིག་སྲོལ་དང་རྒྱབ་འགལ་དུ་གྱུར་ནས། འཛམ་གླིང་ཅན་གྱི་འདུ་ཤེས་དང་རིང་དུ་གྱེས་ཡོད། ནུབ་ཕྱོགས་ཀྱིས་ཕྱོགས་གཅིག་ནས་འདྲ་མཉམ་འགྲན་རྩོད་དང་ཉེས་མེད་རིག་འདེད། རྒྱུ་ནོར་བཙན་འཛུལ་མི་བྱེད་པ་སོགས་ཀྱི་རྩ་དོན་འུད་སྒྲོག་བྱེད་ཀྱང་། ཨུ་རུ་སི་དང་ཨུ་རུ་སི་དཀར་པོ་སོགས་རྒྱལ་ཁབ་གཞན་པ་མང་པོར་ཚད་གཞི་ངོ་གཉིས་མ་ལག་བསྟར་བྱེད་བཞིན་ཡོད་ཟེར།

ལའེ་རིན་ཁི་ཧྥུའུ་ཡིས་གྲོས་མོལ་རྗེས་སུ་གསར་འགོད་པར་བཤད་རྒྱུར། ཕྱོགས་གཉིས་ཀྱིས་གྲོས་ཚོགས་སྐབས་སུ་རྒྱལ་ཁབ་གཉིས་ཀྱི་ཕྱོགས་རྐྱང་བའི་བཙན་སྐུལ་སྲིད་ཇུས་དང་བཀག་སྡོམ་གཏན་འབེབས་ཀྱི་མཉམ་འབྲེལ་འགུལ་སྐྱོད་ཀྱི་ཇུས་གཞིར་དམིགས་པ་དང་། རྒྱལ་ནང་གི་རྒྱལ་སྤྱིའི་གནས་བབ་ཐད་ནས་ཐུན་མོང་ལངས་ཕྱོགས་བསྟན་པ་ཡིན་ཟེར།

གྲོས་ཚོགས་སྐབས་སུ། རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་པུའུ་ཀྲང་གིས་པུའུ་ལེ་སི་ཐིའི་བཙན་རྫོང་དུ་རྒྱལ་སྲུང་དམག་འཐབ་རྒྱལ་ཁའི་རྗེས་དྲན་མཆོད་སྡོང་མདུན་དུ་མེ་ཏོག་ཕུལ་བར་མ་ཟད། ཨུ་རུ་སི་དཀར་པོའི་ན་གཞོན་འཐུས་མི་དང་བཞུགས་མོལ་བརྗེ་རེས་བྱས།

རིག་འཛིན་སྒྲོལ་མས་བསྒྱུར།