སི་རི་ཡཱའི་དབུས་ཕྱོགས་ཀྱི་གྲུ་ཁར་དབྱི་སི་རལ་གྱི་བར་སྣང་འཇབ་རྒོལ་ཐེབས།
2024.11.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

སི་རི་ཡཱའི་དམག་ཕྱོགས་ཀྱིས་ཚེས25ཉིན་གསལ་སྒྲོག་སྤེལ་ཏེ། སི་རི་ཡཱའི་དབུས་ཕྱོགས་ཀྱི་ཧའོ་མུའུ་སི་ཞིང་ཆེན་གྱི་ཀུའུ་སེ་ཨར་ས་ཁུལ་གྱི་སྐམ་སའི་རྒྱུ་ལམ་ཞིག་ལ་ཉིན་དེའི་དགོང་མོར་དབྱི་སི་རལ་གྱི་བར་སྣང་འཇབ་རྒོལ་ཐེབས་ནས། མི་སེར་དཀྱུས་མ་གཉིས་ལ་རྨས་ཕོག་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ས་དེའི་ཚེས25ཉིན་གྱི་དགོང་མོའི་དུས་ཚོད་དགུའི་ཡས་མས་སུ། དབྱི་སི་རལ་གྱི་དམག་དཔུང་གིས་ལེ་པཱ་ནུན་གྱི་ཕྱོགས་ནས་ཀུའུ་སེ་ཨར་ས་ཁུལ་ཉེ་འདབས་ཀྱི་ལེ་པཱ་ནུན་གྱི་ཧི་སེ་རྒྱུ་ལམ་ལ་བར་སྣང་འཇབ་རྒོལ་བྱས་ཏེ། མི་སེར་དཀྱུས་མ་གཉིས་ལ་རྨས་ཕོག་པ་དང་རྒྱུ་ནོར་གྱི་གྱོང་གུད་བཟོས་ཡོད་ཟེར།

གཞན་ཡང་སི་རི་ཡཱའི་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱིས་ཉིན་དེར་ཀུའུ་སེ་ཨར་ས་ཁུལ་དུ་འཇབ་རྒོལ་བྱས་པ་ལས་ཟམ་པ་མང་བོར་གཏོར་བཤིག་བཏང་ཡོད། དེ་ནི་དབྱི་སི་རལ་གྱིས་ཉིན་གསུམ་ནང་ས་ཁུལ་དེར་སྤེལ་བའི་བར་སྣང་འཇབ་རྒོལ་ཐེངས་གཉིས་པ་རེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།