2024ལོའི་ཀྲུང་གོའི་གུང་ཁྲན་ཏང་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་སྲིད་ཏང་བར་གྱི་གྲོས་མོལ་ཚོགས་འདུ་བསྡུས།
2024.11.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

2024ལོའི་ཀྲུང་གོའི་གུང་ཁྲན་ཏང་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་སྲིད་ཏང་བར་གྱི་གྲོས་མོལ་ཚོགས་འདུ་ཟླ11པའི་ཚེས25ཉིན་པེ་ཅིང་ནས་བསྡུས་པ་དང་། བརྗོད་སྙིང་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དང་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་འབྲེལ་བའི་འཕེལ་རྒྱས་ཀྱི་གོ་སྐབས་གསར་བ་སྟེ་སྲིད་ཏང་གི་བྱས་རྗེས་ཞེས་པ་དེ་ཡིན་ལ། ཡོ་རོབ་གླིང་དབུས་ཤར་གྱི་རྒྱལ་ཁབ་བཅུ་གཉིས་ཀྱི་སྲིད་ཏང་བཅུ་དགུའི་འཐུས་མི50ཙམ་གྲོས་ཚོགས་ལ་ཞུགས།

ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུགས་པུའུ་ཡི་པུའུ་ཀྲང་ལིའུ་ཅན་ཁྲའོ་ཡིས་བསྟན་དོན། 2021ལོར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་རྩེ་ཚོགས་ལ་མགོ་འཛིན་མཛད་དེ། རྒྱལ་ཁབ་སོ་སོའི་མགོ་ཁྲིད་པ་དང་མཉམ་དུ་མཉམ་ལས་འཕེལ་རྒྱས་ཀྱི་ཇུས་ཆེན་ལ་གྲོས་བསྡུར་བྱས་ནས། གནས་བབ་གསར་བའི་འོག་ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཐད་གྲོས་འཆར་བཏོན། ཀྲུང་གོའི་གུང་ཁྲན་ཏང་གིས་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་སྲིད་ཏང་དག་དང་མཉམ་དུ་འཐས་ཇུས་དང་འདུ་ཤེས་ཀྱི་འབྲེལ་འདྲིས་ཇེ་ཟབ་ཏུ་གཏོང་བ་དང་། སྲིད་ཏང་ལ་སོགས་པའི་མཉམ་ལས་སྟེགས་བུའི་སྦས་ཤུགས་སྔོག་འདོན་བྱེད་པ། ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་མཉམ་ལས་ཀྱི་སྤུས་ནུས་མཐོར་འདེགས་བྱེད་པར་སྐུལ་འདེད་བཏང་སྟེ། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལས་དོན་ཆེད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་འདོད་ཡོད་ཟེར།

ཚོགས་ཞུགས་ཀྱི་ཕྱི་རྒྱལ་སྐུ་མགྲོན་དག་གིས་བསྟན་དོན། ཀྲུང་གོའི་འཕེལ་རྒྱས་བགྲོད་ལམ་གྱིས་འཛམ་གླིང་ལ་གདམ་གསེས་གཞན་ཞིག་འདོན་སྤྲོད་བྱས་ཡོད་ལ། ཀྲུང་གོའི་གུང་ཁྲན་ཏང་གིས་གྲོས་མོལ་ལ་ཤུགས་སྣོན་བྱེད་པ་དང་། ཕན་ཚུན་བར་གྱི་རྒྱུས་ལོན་ཇེ་དྲག་ཏུ་བཏང་སྟེ། ཡོ་རོབ་གླིང་དང་ཀྲུང་གོའི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།