སུའུ་ཏན་དབུས་ཕྱོགས་ཀྱི་གྲོང་སྡེ་མང་བོར་འཇབ་རྒོལ་ཐེབས་ནས་མི12རྐྱེན་ལམ་དུ་ཤོར།
2024.11.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

སུའུ་ཏན་དབུས་ཕྱོགས་ཀྱི་ཅེ་ཅི་ལཱ་མངའ་སྡེའི་དམངས་ཁྲོད་རྩ་འཛུགས་ཀྱིས་ཚེས29ཉིན་སྤེལ་བའི་གནས་ཚུལ་ལྟར་ན། སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་ཚེས28ཉིན་མངའ་སྡེ་དེའི་གྲོང་སྡེ་མང་བོར་འཇབ་རྒོལ་བྱས་ཏེ་མི12རྐྱེན་ལམ་དུ་ཤོར་ཟེར།

དམངས་ཁྲོད་རྩ་འཛུགས་དབུས་ཕྱོགས་འབོད་སྐུལ་ཅེས་པས་ཚེས29ཉིན་གསལ་སྒྲོག་སྤེལ་ཏེ། སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་ཚེས28ཉིན་ཅེ་ཅི་ལཱ་མངའ་སྡེའི་ཧཱ་སཱ་ཧེ་སཱ་གྲོང་ཁྱེར་ནུབ་བྱང་ཕྱོགས་ཀྱི་གྲོང་སྡེ་བརྒྱད་ལ་སྒྱོགས་མདེལ་བཀོལ་ནས་འཇབ་རྒོལ་བྱས་པ་དང་། སྡེ་མིར་མེ་མདས་བརྒྱབ་སྟེ། མི་སེར་དཀྱུས་མ12རྐྱེན་ལམ་དུ་ཤོར་བ་དང་མི་བཅུ་ཕྲག་འགར་རྨས་ཕོག་ཡོད་ཟེར།

དམངས་ཁྲོད་རྩ་འཛུགས་ཅེ་ཅི་ལཱ་གྲོས་ཚོགས་ཞེས་པས་ཚེས29ཉིན་གསལ་སྒྲོག་སྤེལ་ཏེ། འདས་པོའི་གྲས་སུ་ལོ་བརྒྱད་ཅན་གྱི་བྱིས་པ་གཅིག་འདུས། སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་གྲོང་སྡེ་དེ་དག་གི་མཐའ་ནས་བསྐོར་བ་དང་སྒྱོགས་མདེལ་བཀོལ་ནས་འཇབ་རྒོལ་བྱེད་བཞིན་ཡོད་པས་ཤི་རྨས་ཐེབས་པའི་མི་གྲངས་སྔར་ལས་ཇེ་མང་དུ་འགྲོ་སྲིད་ཟེར།

སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་ད་རུང་འཇབ་རྒོལ་དོན་རྐྱེན་དེའི་ཐད་ནས་རྣམ་འགྱུར་ཅི་ཡང་བསྟན་མེད།


བསོད་ནམས་ཚེ་རིང་གིས་བསྒྱུར།