དབྱི་སི་རལ་གྱི་ཙུང་ལི་ཡིས་ལེ་པ་ནུན་ཀྲིན་ཀྲུའུ་ཏང་གིས་དམག་འཁྲུག་མཚམས་འཇོག་པའི་གྲོས་མཐུན་ལ་རྒྱབ་འགལ་བྱས་པར་སྐྱོན་བརྗོད་བྱས།
2024.12.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 29

ཚེས་གཉིས་ཉིན་དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་ཡིས་གསལ་བསྒྲགས་སྤེལ་ནས། ལེ་པ་ནུན་ཀྲིན་ཀྲུའུ་ཏང་གིས་དམག་འཁྲུག་མཚམས་འཇོག་པའི་གྲོས་མཐུན་ལ་རྒྱབ་འགལ་བྱས་པར་སྐྱོན་བརྗོན་བྱས་ཤིང་། ནུས་ལྡན་གྱི་རྒོལ་ལན་སྤྲོད་རྒྱུ་ཡིན་པའི་ཚུལ་བསྟན།

ནེ་ཐ་ཉི་ཡ་ཧུའུ་ཡིས་ཀྲིན་ཀྲུའུ་ཏང་གི་འཇབ་རྒོལ་ལས་མི་སྣར་ཤི་རྨས་བཟོས་མེད་ཀྱང་། དམག་འཁྲུག་མཚམས་འཇོག་པའི་གྲོས་མཐུན་དང་ཡོངས་སུ་འགལ་ཡོད་ཟེར། དབྱི་སི་རལ་གྱི་མུ་མཐུད་དམག་འཁྲུག་མཚམས་འཇོག་པའི་གྲོས་མཐུན་ལག་བསྟར་བྱེད་པར་མ་ཟད། ཀྲིན་ཀྲུའུ་ཏང་གིས་རྒྱབ་འགལ་བྱེད་ཐངས་རེར་དགོས་ངེས་ཀྱི་རྒོལ་ལན་སྤྲོད་རྒྱུ་ཡིན་ཞེས་བསྟན།

ཉིན་དེའི་སྔ་མོར།  དབྱི་སི་རལ་གྱི་དམག་དཔུང་གིས་ཀྲིན་ཀྲུའུ་ཏང་གིས་ལེ་པ་ནུན་དང་དབྱི་སི་རལ་གྱི་མཐའ་མཚམས་ས་ཁུལ་དུ་དབྱི་སི་རལ་གྱིས་ཚོད་འཛིན་བྱེད་པའི་ཏོ་ཧྥུའུ་རི་འདབས་སུ་དམག་འཁྲུལ་བསླངས་ཟེར། ལེ་པ་ནུན་ཀྲིན་ཀྲུའུ་ཏང་གིས་བཤད་ན། འཇབ་རྒོལ་དམིགས་འབེན་ནི་ལེ་པ་ནུན་དང་དབྱི་སི་རལ་མཐའ་མཚམས་རྩོད་གླེང་ས་ཁུལ་གྱི་དབྱི་སི་རལ་གྱི་སོ་ལྟ་བྱེད་ས་ཡིན་པ་དང་། མེ་སྒྱོགས་འཕེན་དོན་ནི་དབྱི་སི་རལ་གྱི་ཐེངས་མང་པོར་དམག་འཁྲུག་མཚམས་འཇོག་པའི་གྲོས་མཐུན་ལ་རྒྱབ་འགལ་བྱས་པར་ཉེན་བརྡ་གཏོང་ཆེད་ཡིན་ཟེར།

དབྱི་སི་རལ་གྱི་ཙུང་ལི་གཞུང་སྒྲུབ་ཁང་གིས་ཟླ11ཚེས26ཉིན་གྱི་དགོང་མོར། དབྱི་སི་རལ་བདེ་འཇགས་ནེ་ཀི་ཡིས་ཉིན་དེའི་དགོང་མོར་བཅུ་བསྡུར་གཅིག་གི་འདེམ་ཤོག་མཇུག་འབྲས་ཀྱིས་དབྱི་སི་རལ་དང་ལེ་པ་ནུན་ཀྲིན་ཀྲུའུ་ཏང་བར་དམག་འཁྲུག་མཚམས་འཇོག་པའི་གྲོས་མཐུན་འགོད་པར་ཆོག་མཆན་ཐོབ་པ་ཁྱབ་བསྒྲགས་བྱས། ལེ་པ་ནུན་ཀྲིན་ཀྲུའུ་ཏང་གིས་ཀྱང་གྲོས་མཐུན་དང་ལེན་བྱེད་པའི་ཚུལ་བསྟན། དམག་འཁྲུག་མཚམས་འཇོག་པའི་གྲོས་མཐུན་དེ་ས་གནས་དེའི་དུས་ཚོད་ཚེས27ཉིན་གྱི་དུས་ཚོད་བཞིའི་སྟེང་དངོས་སུ་ནུས་ལྡན་དུ་གྱུར། དེའི་རྗེས་ལེ་པ་ནུན་དང་དབྱི་སི་རལ་ཕྱོགས་གཉིས་ཀྱིས་སོ་སོས་དམག་འཁྲུག་མཚམས་འཇོག་པའི་གྲོས་མཐུན་ལ་རྒྱབ་འགལ་བྱས་ཞེས་ཐེངས་མང་པོར་ཕན་ཚུན་ལ་སྐྱོན་བརྗོད་བྱས།

རིག་འཛིན་སྒྲོལ་མས་བསྒྱུར།