ཚེས2ཉིན། ཨུ་རི་སིའི་ཙུང་ཐུང་གསར་འགྱུར་དྲུང་ཡིག་ཕེ་སི་ཁི་ཧྥུའུ་ཡིས་སྨྱན་བྱད་ལ་བསྟན་དོན། སི་རི་ཡའི་གནས་བབ་རྒྱུན་ཆད་མེད་པར་ཇེ་སྡུག་ཏུ་འགྲོ་བཞིན་པའི་གནས་ཚུལ་འོག ཨུ་རི་སིས་མུ་མཐུད་དུ་སི་རི་ཡའི་ཙུང་ཐུང་པ་ཧྲ་ཨར་ཨ་ས་ཏི་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།
ཚེས་གཉིས་ཉིན་ཨུ་རི་སིའི་གསར་འགྱུར་ཁང་གིས་ཕེ་སི་ཁི་ཧྥུའུ་ཡི་སྐད་ཆ་དྲངས་ནས་བཤད་རྒྱུར། ཨུ་རི་སི་ཕྱོགས་ཀྱིས་ད་ལྟ་སི་རི་ཡའི་གནས་བབ་ལ་དབྱེ་ཞིབ་བྱེད་བཞིན་པ་མ་ཟད། གནས་བབ་བརྟན་འཇགས་གཏོང་བར་མཁོ་བའི་བྱེད་ཐབས་ཤིག་ཞིབ་འཇུག་དང་གཏན་འབེབ་བྱེད་རྒྱུ་ཡིན་ཟེར།
ཨུ་རི་སིའི་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གཞོན་པ་ལུའུ་ཏིན་ཁི་ཡིས་ཉིན་དེར་བསྟན་དོན། ཨུ་རི་སིས་སི་རི་ཡའི་གནས་བབ་ཐད་ནས་ཐུར་ཁེ་དང་། དབྱི་ལིང་སོགས་འབྲེལ་ཡོད་ཕྱོགས་དང་འབྲེལ་གཏུག་དམ་ཟབ་རྒྱུན་སྲིང་བྱེད་ཅིང་། སི་རི་ཡའི་གནས་དོན་ཐད་ནས་ཐུར་ཁེ་དང་། དབྱི་ལིང། ཨུ་རི་སིའི་ཕྱི་འབྲེལ་བློན་ཆེན་བཅས་ཕྱོགས་གསུམ་གྱི་གྲོས་མོལ་སྤེལ་སྲིད་པའང་དེའི་ཁྲོད་བཞག་ཆོག་ཟེར།
གཞན་དབྱི་ལིང་ཙུང་ཐུང་བཞུགས་ཤག་གིས་ཚེས་གཉིས་ཉིན་གསལ་བསྒྲགས་སྤེལ་ནས། ཚེས་གཉིས་ཉིན་དབྱི་ལིང་གི་ཙུང་ཐུང་ཕེ་ཙེ་ཞི་ཅི་དབྱང་གིས་ཁཱ་ཐར་གྱི་རྒྱལ་ཁབ་དབུ་གཙོ་ཐཱ་མཱིས་མུའུ་དང་ཁ་པར་གཏོང་སྐབས། མཉམ་ལས་དང་ཐུན་མོང་འབད་བརྩོན་ལ་བརྟེན་ནས་ཨེ་ཤ་ཡ་ནུབ་མ་ས་ཁུལ་གྱི་གནད་དོན་ཐག་གཅོད་དགོས་པ་ནན་བཤད་བྱས་ཟེར།
ཟླ11ཚེས27ཉིན་ནས་བཟུང་། སི་རི་ཡ་སྲིད་གཞུང་དམག་དང་ངོ་རྒོལ་ཕྱོགས་ཁག་དྲག་ཤུགས། ཐལ་སྤྱོད་རྩ་འཛུགས་བཅས་ཀྱི་བར་སི་རི་ཡའི་ནུབ་བྱང་ས་ཁུལ་དུ་གཞི་རྒྱ་ཆེ་བའི་དམག་འཁྲུག་བྱུང་བ་རེད།
རིག་འཛིན་སྒྲོལ་མས་བསྒྱུར།