སུའུ་ཏན་གྱི་ས་གནས་དཔོན་རིགས་ཀྱིས་ཚེས4ཉིན་བཤད་རྒྱུར། རྒྱལ་ཁབ་དེའི་ནུབ་ཕྱོགས་ཀྱི་ཏཱ་ཨར་ཧྥུའུ་ཨར་བྱང་མ་མངའ་སྡེའི་ས་ཁུལ་ཞིག་ཏུ་ཚེས3ཉིན་སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གི་འཇབ་རྒོལ་ཐེབས་ཏེ། མི་སེར་དཀྱུས་མ20རྐྱེན་ལམ་དུ་ཤོར།
སུའུ་ཏན་གྱི་ཏཱ་ཨར་ཧྥུའུ་ཨར་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་མེན་ནཱ་ཝེ་ཡིས་ཚེས4ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ་བཤད་རྒྱུར། འཇབ་རྒོལ་དོན་རྐྱེན་དེ་ཏཱ་ཨར་ཧྥུའུ་ཨར་བྱང་མ་མངའ་སྡེའི་ལྟེ་གནས་གྲོང་ཁྱེར་ཧྥ་ཞེ་ཨར་ལྷོ་ངོས་ཀྱི་ཨ་པུའུ་ཙེ་ལོས་ཅཱ་ས་ཁུལ་ནས་བྱུང་སྟེ། མི་སེར་དཀྱུས་མ20རྐྱེན་ལམ་དུ་ཤོར་བ་དང་གཞན་ཡང་མི20ལ་རྨས་ཕོག་ཡོད་ཟེར། ཁོས་ད་རུང་བསྟན་དོན། ཏཱ་ཨར་ཧྥུའུ་ཨར་ས་ཁུལ་གྱི་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་རྒྱུན་ཆད་མེད་པར་ཇེ་སྡུག་ཏུ་སོང་བར་དམིགས་ནས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ས་དེའི་མང་ཚོགས་ལ་སྔར་ལས་མང་བའི་རོགས་སྐྱོར་འདོན་སྤྲོད་བྱེད་དགོས་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།