སུའེ་ཙེར་གྱི་དབུ་བཞུགས་བློན་ཆེན་ཁི་ལི་སི་ཐི་སུང་གིས་ཚེས4ཉིན་སུའེ་ཏེན་བརྙན་འཕྲིན་ཁང་ནས་བསྟན་དོན། དེའི་སྔོན་གཟའ་འཁོར་འདིའི་ནང་ཧན་གོར་འཚམས་འདྲི་བྱེད་པའི་འགྲུལ་བཞུད་དེ་རྗེས་སུ་སྣུར་རྒྱུ་ཐག་བཅད་པ་དང་། རྒྱུ་མཚན་ནི་ཧན་གོའི་རྒྱལ་ནང་གི་གནས་བབ་གཏན་འཇགས་མིན་པས་ཡིན་ཟེར།
ཁི་ལི་སི་ཐི་སུང་གིས་བསྟན་དོན། ས་དེའི་གནས་བབ་ཀྱི་འཕེལ་རྒྱས་ལ་གཞིགས་ནས་ཧན་གོར་འཚམས་འདྲི་བྱེད་པའི་བྱ་བ་རྗེས་སུ་སྣུར་རྒྱུ་ཐག་བཅད་པ་དང་། ཧན་གོའི་ཕྱོགས་དང་མཉམ་དུ་འོས་འཚམ་གྱི་འཚམས་འདྲིའི་དུས་ཚོད་ལ་གྲོས་བྱེད་རྒྱུ་ཡིན་ཟེར།
བསྒྲགས་པ་ལྟར་ན། ཁི་ལི་སི་ཐི་སུང་གིས་མིག་སྔར་འཇར་པན་དུ་འཚམས་འདྲི་བྱེད་བཞིན་ཡོད་ཅིང་། སྔོན་གྱི་འཆར་གཞི་ལྟར་ན་ཁོས་ཚེས5ཉིན་སུའེ་ཏེན་སྲིད་གཞུང་གི་པུའུ་ཀྲང་གསུམ་དང་མཉམ་དུ་ཧན་གོར་སོང་ནས། ཚེས6ཉིན་ཧན་གོའི་ཙུང་ཐུང་དབྱིན་ཞེ་ཡའོ་དང་གྲོས་མོལ་བྱེད་རྒྱུའི་འཆར་གཞི་ཡོད་པ་རེད།
དབྱིན་ཞེ་ཡའོ་ཡིས་ཚེས3ཉིན་གྱི་དགོང་མོར་བྲེལ་མྱུར་བཀག་སྡོམ་བཀའ་རྒྱ་སྤེལ་བ་དང་། ཅང་མ་འགོར་བར་ཡང་བསྐྱར་རྒྱལ་ཚོགས་ཀྱི་རེ་བ་དང་ལེན་བྱེད་རྒྱུ་ཁྱབ་བསྒྲགས་བྱས་ནས། བཀག་སྡོམ་བཀའ་རྒྱ་རྩིས་མེད་དུ་བཏང་།
བསོད་ནམས་ཚེ་རིང་གིས་བསྒྱུར།