ཕུའུ་ཅིན་གྱིས་ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་ཨུ་རུ་སིའི་དུས་ཡུན་རིང་བོའི་དཔལ་འབྱོར་མཉམ་ལས་གྲོགས་པོ་གལ་ཆེན་ཡིན་པའི་ཚུལ་བསྟན།
2024.12.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས5ཉིན་མའོ་སི་ཁོ་ནས་བསྡུས་པའི་སྐབས་བཅོ་ལྔ་བའི་ཨུ་རུ་སིས་འབོད་སྐུལ་གཏོང་བཞིན་ཡོད་ཅེས་པའི་གླེང་སྟེགས་སྟེང་བསྟན་དོན། འཛམ་གླིང་གི་གནས་བབ་ལ་ཇི་ལྟར་འགྱུར་ལྡོག་བྱུང་ཡང་། ཨུ་རུ་སི་ཡིས་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བར་སྐུལ་འདེད་གཏོང་རྒྱུ་ཡིན་པ་དང་། ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་ཨུ་རུ་སིའི་དུས་ཡུན་རིང་བོའི་དཔལ་འབྱོར་མཉམ་ལས་གྲོགས་པོ་གལ་ཆེན་ཡིན་ཟེར།

ཕུའུ་ཅིན་གྱིས་གླེང་སྟེགས་ཀྱི་ཚང་འཛོམས་གྲོས་ཚོགས་སྟེང་བསྟན་དོན། བདེ་འཇགས་དང་ཆབ་སྲིད་གནས་བབ་ཀྱི་འགྱུར་ལྡོག་ལས་འཛམ་གླིང་གི་གནས་བབ་ཀྱི་བཅོས་བསྒྱུར་ལ་ཡར་སྐུལ་བྱས་ཡོད། ཨུ་རུ་སི་དང་ཀྲུང་གོའི་འབྲེལ་བ་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་སོང་ཡོད་ཅིང་། ཀྲུང་གོ་ནི་སྔ་མོ་ནས་ཨུ་རུ་སིའི་ཆེས་ཆེ་བའི་ཉོ་ཚོང་གྲོས་པོའི་རྒྱལ་ཁབ་ཏུ་གྱུར་ཡོད་ལ། ཕྱོགས་གཉིས་ཀྱི་འབྲེལ་བའི་སྲ་བརྟན་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་རྣམ་པ་མངོན་པར་བྱས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།