ཧྥ་རན་སིའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་ཚེས5ཉིན་ཙུང་ལི་པཱ་ནེ་ཡེ་ཡི་ལས་ཁུར་དགོངས་ཞུར་ཆོག་མཆན་བཀོད་ཟེར།
ཧྥ་རན་སིའི་རྒྱལ་དམངས་གྲོས་ཁང་གིས་ཚེས4ཉིན་གྱི་དགོང་མོར་འདེམ་ཤོག་འཕངས་ནས་སྲིད་གཞུང་ལ་ཡིད་ཆེས་མེད་པའི་བསམ་འཆར་ཞིག་ལ་གྲོས་འཆམ་བྱུང་བ་དང་། ཧྥ་རན་སིའི་རྩ་ཁྲིམས་ལྟར་ན། པཱ་ནེ་ཡེ་ཡིས་སྲིད་གཞུང་གི་ཚབ་བྱས་ཏེ་ཙུང་ཐུང་ལ་ལས་ཁུར་དགོངས་ཞུ་བྱེད་དགོས། དེ་ནི1962ལོའི་ཚུན་ལ་ཧྥ་རན་སིའི་སྲིད་གཞུང་ཐོག་དང་པོར་གྲོས་ཁང་གིས་རྫོགས་པ་རེད།
པཱ་ནེ་ཡེ་ནི་ཟླ9བའི་ཚེས5ཉིན་མཱ་ཁི་ལུང་གིས་ཙུང་ལིར་བསྐོ་འཇོག་བྶ་པ་རེད། པཱ་ནེ་ཡེ་ཡི་ནེ་ཀི་ཡིས་ལས་ཁུར་དགོངས་ཞུ་བྱས་རྗེས། ཙུང་ལི་གསར་བ་བསྐོ་འཇོག་མ་བྱས་པའི་སྔོན་ལ་མུ་མཐུད་དུ་ཉིན་རྒྱུན་གྱི་སྲིད་དོན་དང་འཕྲལ་སྒྲུབ་དོ་དམ་ལ་འགན་ཁུར་དགོས།
ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་ཚེས5ཉིན་གྱི་དགོང་མོར་བརྙན་འཕྲིན་གཏམ་བཤད་སྤེལ་ཏེ། མ་འོངས་པའི་ཉིན་འགའི་ནང་ཙུང་ལི་གསར་བ་བསྐོ་འཇོག་བྱེད་རྒྱུ་ཡིན་ཟེར། མཱ་ཁི་ལུང་གིས་གཏམ་བཤད་སྤེལ་སྐབས་རང་ཉིད་ཀྱིས་ལས་ཁུར་དགོངས་ཞུ་བྱེད་མི་སྲིད་པའི་ཚུལ་བསྟན།
བསོད་ནམས་ཚེ་རིང་གིས་བསྒྱུར།