སི་རི་ཡཱའི་དམག་ཕྱོགས་ཀྱིས་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་པ་སི་རི་ཡཱའི་དབུས་ཕྱོགས་ཀྱི་ཧཱ་མཱ་གྲོང་ཁྱེར་དུ་བསླེབས་ཡོད་པའི་ཚུལ་བསྟན།
2024.12.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

སི་རི་ཡཱའི་དམག་ཕྱོགས་ཀྱིས་ཚེས5ཉིན་གསལ་སྒྲོག་སྤེལ་ཏེ། ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་པ་འདས་པའི་དུས་ཚོད་འགའི་ནང་སི་རི་ཡཱའི་དབུས་ཕྱོགས་ཀྱི་ཧཱ་མཱ་གྲོང་ཁྱེར་དུ་བསླེབས་པ་དང་། སི་རི་ཡཱའི་དམག་ཕྱོགས་ཀྱིས་དེར་རྒོལ་ལན་སྤྲོད་རྒྱུ་ཡིན་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། འདས་པའི་ཉིན་འགའི་ནང་། ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་པ་དང་ཐལ་སྤྱོད་རྩ་འཛུགས་ཀྱི་མི་སྣ་མང་བོས་འཐབ་ཕྱོགས་མང་བོ་བརྒྱུད་དེ་ཧཱ་མཱ་གྲོང་ཁྱེར་ལ་འཇབ་རྒོལ་བྱས་པ་དང་། སི་རི་ཡཱའི་སྲིད་གཞུང་དམག་དཔུང་གིས་མེ་ཤུགས་བཀོལ་ནས་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་པའི་བར་འཁྲུག་རྩོད་དྲག་པོ་བྱས། དྲག་ཆས་ཉེས་ཅན་གྱིས་ཤི་རྨས་ཚབས་ཆེན་ཐེབས་པའི་གནས་ཚུལ་འོག འགོག་སྲུང་ལས་བརྒལ་ནས་ཧཱ་མཱ་གྲོང་ཁྱེར་དུ་བསླེབས་ཡོད། ཧཱ་མཱ་གྲོང་ཁྱེར་དུ་བཅའ་སྡོད་བྱེད་པའི་སྲིད་གཞུང་དམག་དཔུང་གིས་ཡང་བསྐྱར་བཀོད་སྒྲིག་བྱས་པར་མ་ཟད་མཁར་ཕྱིར་སྤར་ཡོད་ལ། སི་རི་ཡཱའི་སྲིད་གཞུང་དམག་དཔུང་གིས་མུ་མཐུད་དུ་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་རྒྱུ་ཡིན་ཟེར།

ཧཱ་མཱ་གྲོང་ཁྱེར་ནི་སི་རི་ཡཱའི་དབུས་ཕྱོགས་ཀྱི་ཧཱ་མཱ་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཡིན་པ་དང་། རྒྱལ་ས་ཏཱ་མཱ་ཧྲི་ཀིའི་བར་དུས་ཚོད་གསུམ་གྱི་རླངས་འཁོར་ལམ་ཐག་ཡོད་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།