ཧན་གོའི་རྒྱལ་སྲུང་པུའུ་ཡིས་དམག་སྤྱི་མང་པོ་ཞིག་ལས་གནས་ནས་ཕྱིར་ཕུད།
2024.12.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 29

ཚེས6ཉིན།  ཧན་གོའི་རྒྱལ་སྲུང་པུའུ་ཡིས་ཉེན་ཟོན་དམ་བསྒྲགས་དཔུང་སྡེའི་བཀོད་འདོམས་དཔོན་མང་པོ་ཞིག་ལས་གནས་ནས་ཕྱིར་ཕུད་པ་དང་། དེའི་ནང་རྒྱལ་སའི་འགོག་སྲུང་གི་དམག་སྤྱི་དང་དམིགས་བསལ་དམག་འཐབ་ཀྱི་དམག་སྤྱི། གསང་མྱུལ་ལ་ངོ་རྒོལ་བྱེད་པའི་དམག་སྤྱི་བཅས་ཚུད་ཡོད་པ་རེད།

ཧན་གོའི་རྒྱལ་སྲུང་པུའུ་ཡིས་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་ལྟར་ན།  ཚེས6ཉིན་ནས་བཟུང་།  རྒྱལ་སའི་འགོག་སྲུང་དམག་སྤྱིའི་སྐམ་དམག་གི་ཀྲུང་ཅང་དམག་དཔོན་ལིས་ཀྲིན་ཡུའུ་དང་།དམིགས་བསལ་དམག་འཐབ་དམག་སྤྱིའི་སྐམ་དམག་གི་ཀྲུང་ཅང་དམག་དཔོན་ཀུའུ་ཀྲུང་ཀིན། གསང་མྱུལ་ལ་ངོ་རྒོལ་བྱེད་པའི་དམག་སྤྱིའི་ཀྲུང་ཅང་དམག་དཔོན་ལུའུ་དབྱིན་ཞུང་བཅས་ཀྱི་གོ་གནས་མེད་པར་བཟོས་པ་རེད།

གཡང་འབུམ་རྒྱལ་གྱིས་བསྒྱུར།