ཅཱ་ནཱའི་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་མཱ་ཧ་མཱ་ཙུང་ཐུང་འདེམ་བསྐོ་ལས་རྒྱལ་བ་ཁྱབ་བསྒྲགས་བྱས།
2024.12.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

ཅཱ་ནཱའི་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཚེས9ཉིན་ཅཱ་ནཱའི་རྒྱལ་ཡོངས་དམངས་གཙོའི་ཚོགས་ཆེན་ཏང་གི་ཙུང་ཐུང་གི་འོས་མི། ཙུང་ཐུང་ཟུར་པ་ཡའོ་ཧན·ཏི་ལཱ་མཱ་ཉི·མཱ་ཧ་མཱ2024ལོའི་ཙུང་ཐུང་འདེམ་བསྐོ་ལས་རྒྱལ་བ་ཁྱབ་བསྒྲགས་བྱས།

ཅཱ་ནཱའི་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་མོན་སཱ་ཡིས་ཉིན་དེའི་དགོང་མོར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། མཱ་ཧ་མཱར་ཡོངས་བསྒྲགས་འདེམས་ཤོག་ཐོབ་པའི་མཇུག་འབྲས་ཀྱི་འདེམས་ཁུལ276ལས 56.55%ཡི་འདེམས་ཤོག་ཐོབ་པ་དང་། དེའི་འགྲན་ཡ་གཙོ་བོ་སྲིད་སྐྱོང་ཏང་རྒྱལ་གཅེས་ཏང་གསར་བའི་ཙུང་ཐུང་གི་འོས་མི། ཙུང་ཐུང་གཞོན་པ་མཱ་ཧཱ་མའོ་ཏུའུ·པཱ་ཝུའུ་སྨི་ཡཱར41.61%གི་འདེམས་ཤོག་ཐོབ་པས་ཨང་གཉིས་པ་རེད། པཱ་ཝུའུ་སྨི་ཡཱར་ལྷག་མའི་འདེམས་ཁུལ་དགུ་ཡི་འདེམས་ཤོག་ཚང་མ་ཐོབ་རུང་འདེམ་བསྐོའི་མཇུག་འབྲས་ལ་འགྱུར་བ་གཏོང་མི་སྲིད་པས། མཱ་ཧྭ་མཱ་ཙུང་ཐུང་འདེམ་བསྐོ་ལས་རྒྱལ་བ་རེད་ཟེར།

ཚེས7ཉིན་ཅཱ་ནཱ་རུ་ཙུང་ཐུང་དང་གྲོས་ཁང་གི་འདེམ་བསྐོ་བྱས་པ་དང་། འདེམས་དམངས་བྱེ་བ་གཅིག་དང་འབུམ་བརྒྱད་ཀྱིས་འདེམས་ཤོག་འཕངས་ནས་ཙུང་ཐུང་དང་གྲོས་ཁང་གི་གྲོས་མི276བདམས་པ་རེད། མཱ་ཧྭ་མཱ་ཡིས་ཚེས8ཉིན་སྤྱི་ཚོགས་འབྲེལ་བའི་སྨྱན་བྱད་ལས་བསྟན་དོན། ཁོ་ཙུང་ཐུང་འདེམ་བསྐོ་ལས་རྒྱལ་བར་མ་ཟད་པཱ་ཝུའུ་སྨི་ཡཱའི་རྟེན་འབྲེལ་འབྱོར་སོང་ཟེར། པཱ་ཝུའུ་སྨི་ཡཱས་བརྙན་འཕྲིན་གཏམ་བཤད་བརྒྱུད་ནས་འདེམ་བསྐོ་ལས་ཕམ་པ་ཁས་བླངས་པར་མ་ཟད་མཱ་ཧྭ་མཱར་རྒྱལ་ཁ་ཐོབ་པར་རྟེན་འབྲེལ་ཞུས།

ལྷ་མོ་འཚོས་བསྒྱུར།