དབྱི་སི་རལ་གྱི་ཕྱི་འབྲེལ་དཔོན་པོ་ཏི་ཝུན·སཱ་ཨར་གྱི་ཚེས9ཉིན་བསྟན་དོན། དབྱི་སི་རལ་གྱི་དམག་དཔུང་སི་རི་ཡར་སྡོད་པ་ནི་གནས་སྐབས་ཙམ་དང་ཡུན་ཐུང་ཙམ་ཡིན་ལ། དེའི་དམིགས་ཡུལ་ནི་སི་རི་ཡའི་གནས་བབ་ལ་གཡོ་འགུལ་ཐེབས་སྐབས་དབྱི་སི་རལ་གྱི་བདེ་འཇགས་ལ་ཁག་ཐེག་བྱ་ཆེད་ཡིན་ཟེར།
སཱ་ཨར་གྱིས་བཤད་རྒྱུར། ཐེངས་འདིའི་འགུལ་སྐྱོད་ཀྱི་དམིགས་འབེན་གཅིག་པུ་ནི་དབྱི་སི་རལ་གྱི་བདེ་འཇགས་ལ་ཁག་ཐེག་བྱ་ཆེད་ཡིན་ཟེར། ཁོས་དེ་དང་མཉམ་དུ་དབྱི་སི་རལ་དང་ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ་གྱི་མི་གཤིས་གནད་དོན་གྱི་གྲོས་མོལ་གནས་ཚུལ་འཕེལ་མེད་དུ་ལུས་པས། ད་རུང་སྔར་བཞིན་གཞན་བརྒྱུད་ཀྱིས་ཁ་བརྡ་བྱེད་ཀྱིན་ཡོད་མོད། ཐོད་བརྒལ་རང་བཞིན་གྱི་འཕེལ་རྒྱས་བྱུང་མེད་ཟེར།
དེ་རིང་གི་དབྱི་སི་རལ་གྱི་ཚགས་པར་ལས་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་རྒྱལ་སྲུང་པུའུ་ཀྲང་ཁཱ་ཚི་ཡིས་དེའི་སྔོན་དབྱི་སི་རལ་གྱི་དམག་དཔུང་ལ་དབྱི་སི་རལ་དང་སི་རི་ཡའི་བར་བཅད་ས་ཁུལ་ཚོད་འཛིན་བྱེད་དགོས་པའི་བཀའ་ཕབ་ཡོད་པར་བསྟན། དབྱི་སི་རལ་གྱི་རྒྱལ་སྲུང་པུའུ་ཡི་གསལ་བསྒྲགས་ལྟར་ན། ཁཱ་ཚི་ཡིས་དབྱི་སི་རལ་གྱི་དམག་དཔུང་གིས་སི་རི་ཡའི་ལྷོ་རྒྱུད་ཀྱི་བར་བཅད་ས་ཁུལ་དང་དེ་ལས་གཞན་པའི་ས་ཁུལ་དུ་ཅུང་ཡང་བའི་ཐབས་ཇུས་དྲག་ཆས་དང་འཇིགས་སྐུལ་རིང་ལུགས་ཀྱི་རྨང་གཞིའི་སྒྲིག་ཆས་ཀྱི་བདེ་འཇགས་ཁུལ་འཛུགས་དགོས་པའི་བླང་བྱ་བཏོན།
ཁཱ་ཚི་ཡིས་དེ་དང་མཉམ་དུ་དབྱི་སི་རལ་གྱི་དམག་དཔུང་གིས་མུ་མཐུད་དུ་སི་རི་ཡའི་ས་ཁུལ་གྱི་ཐབས་ཇུས་དྲག་ཆས་མཁའ་སྲུང་མ་ལག སྐོར་ཞིབ་འཕུར་མདེལ། རྒྱང་སྐྱོད་མེ་ཤུགས་འཕུར་མདའ་སོགས་རྩ་གཏོར་གཏོང་དགོས་པའི་བླང་བྱ་བཏོན།
ལྷ་མོ་འཚོས་བསྒྱུར།