མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་ཡིས་ཚེས8ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། སི་རི་ཡའི་མ་འོངས་པ་ནི་སི་རི་ཡའི་མི་དམངས་ཀྱིས་ཐག་གཅོད་རྒྱུ་ཡིན་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སི་རི་ཡའི་མི་དམངས་དང་མཉམ་དུ་སི་རི་ཡའི་བརྟན་བརླིང་དང་ཞི་བདེའི་མ་འོངས་པ་མངོན་འགྱུར་འབྱུང་བར་ནུས་ཤུགས་ཡོད་རྒུ་འདོན་རྒྱུ་ཡིན་ཟེར།
ཀུའུ་ཐི་ལེ་སི་ཡིས་བསྟན་དོན། ལོ་ངོ་བཅུ་བཞིའི་རིང་གི་གདུག་རྩུབ་ཆེ་བའི་དམག་འཁྲུག་བརྒྱུད། ད་ལྟའི་སི་རི་ཡའི་མི་དམངས་ཀྱིས་ལོ་རྒྱུས་རང་བཞིན་གྱི་གོ་སྐབས་དམ་འཛིན་བྱས་ནས་བརྟན་བརླིང་ཞི་བདེའི་མ་འོངས་པ་བསྐྲུན་ཐུབ་ཟེར།
ཀུའུ་ཐི་ལེ་སི་ཡིས་བལྟས་ན། སི་རི་ཡས་རྒྱལ་ཁབ་ཀྱི་ལས་ཁུངས་གསར་བར་རིམ་ལྡན་སྒོས་ཆབ་སྲིད་བར་བརྒལ་བྱེད་པར་ཁག་ཐེག་བྱ་རྒྱུར་ད་དུང་བྱ་བ་མང་པོ་ཞིག་བསྒྲུབ་དགོས། ཁོས་ཚོར་སྐྱེན་དུས་སྐབས་སུ་ཡིད་རྣལ་དུ་ཕབ་ནས་དྲག་སྤྱོད་སྤེལ་བར་གཡོལ་དགོས་ཤིང་། དེ་དང་མཉམ་དུ་ཕྱོགས་ལྷུང་མེད་པ་སི་རི་ཡའི་མི་ཚང་མའི་དབང་ཆ་སྲུང་སྐྱོབ་བྱེད་པའི་འབོད་སྐུལ་བཏང་བ་དང་། གནས་ཚུལ་གང་རུང་འོག ངེས་པར་དུ་རྒྱལ་སྤྱིའི་བཅའ་ཁྲིམས་གཞིར་བཟུང་ནས་ཕྱི་འབྲེལ་དང་གཞུང་ཚབ་ཁང་དང་མི་སྣའི་གནོད་འཚེ་བཟོ་མི་རུང་བའི་རང་བཞིན་ལ་བརྩི་འཇོག་བྱེད་དགོས་པ་ནན་གྱིས་བསྟན།
ཀུའུ་ཐི་ལེ་སི་ཡིས་ནན་གྱིས་བསྟན་དོན། སི་རི་ཡའི་བདག་དབང་དང་གཅིག་གྱུར། སྒེར་ཚུགས་དང་མངའ་ཁོངས་ཆ་ཚང་བཅས་ངེས་པར་དུ་སླར་གསོ་བྱེད་དགོས་ཟེར།
ཁོས་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མུ་མཐུད་དུ་སི་རི་ཡའི་མི་དམངས་ལ་ནུས་ཤུགས་ཡོད་རྒུས་རོགས་བྱས་ནས་མི་ཚང་མས་མཉམ་དུ་ཞི་མཐུན་དང་དྲང་བདེན་ལོངས་སུ་སྤྱོད་ཐུབ་པ་དང་། རང་དབང་དང་དར་རྒྱས་ཆེ་བའི་རྒྱལ་ཁབ་ཅིག་འཛུགས་སྐྲུན་བྱེད་རྒྱུ་ཡིན་ལ། འདི་ནི་སི་རི་ཡ་ཡུན་རིང་ཞི་བདེ་ཡོང་བའི་བགྲོད་ལམ་རེད་ཟེར།
ལྷ་མོ་འཚོས་བསྒྱུར།