ཨ་རིའི་ཀྲུང་དབྱང་དམག་སྤྱི་ཁང་གིས་ཚེས8ཉིན་བཤད་རྒྱུར། དམག་སྤྱི་ཁང་འདིའི་ཁོངས་གཏོགས་ཀྱི་ཨ་རིའི་དམག་དཔུང་གིས་ཉིན་དེར་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཀྱི་སི་རི་ཡའི་དབུས་རྒྱུད་ཀྱི་དྲག་ཆས་མི་སྣ་དང་སྒར་སར་བར་སྣང་འཇབ་རྒོལ་བྱས་ཟེར།
ཀྲུང་དབྱང་དམག་སྤྱི་ཁང་གི་གསལ་བསྒྲགས་ཤིག་ལས་བཤད་རྒྱུར། ཨ་རིའི་བར་སྣང་འཇབ་རྒོལ་འགུལ་སྐྱོད་ཀྱིས་དབྱི་སི་ལན་རྒྱལ་ཁབ་ཀྱི་འགོ་གཙོ་དང་། གསང་མྱུལ་བ། སྒར་ས་སོགས་དང་བཅས་པའི་དམིགས་འབེན་དོན་ལྔར་རྡུང་རྡེག་བཏང་སྟེ། ཨང་རྟགས་གསུམ་པའི་འགྲན་རྒོལ་དྲག་ཆས་དང་བཅས་པའི་སྒྲིག་ཆས་སྣ་མང་སྤྱད་པ་དང་། སྤྱི་དམངས་ལ་ཤི་རྨས་ཐེབས་མེད་ཟེར།
གསལ་བསྒྲགས་ལས་བཤད་རྒྱུར། ཨ་རིའི་དམག་དཔུང་གིས་ཐེངས་འདིར་བར་སྣང་འཇབ་རྒོལ་བྱེད་པའི་དམིགས་ཡུལ་ནི་དབྱི་སི་ལན་རྒྱལ་ཁབ་ཀྱིས་བར་སྣང་འཇབ་རྒོལ་གྱི་འགུལ་སྐྱོད་བྱེད་པར་བཀག་འགོག་བྱས་ཏེ། སི་རི་ཡའི་གནས་བབ་ལ་གཡོ་འགུལ་ཐེབས་པའི་གོ་སྐབས་དང་བསྟུན་ནས་དེའི་སྟོབས་ཤུགས་རྒྱས་མི་ཐུབ་པར་ཁག་ཐེག་བྱ་ཆེད་ཡིན་ཟེར།
ལྷ་མོ་འཚོས་བསྒྱུར།