ཅོར་ཏན་གྱི་ཕྱི་འབྲེལ་བློན་ཆེན་སཱ་ཧྥ་ཏིས་ཀྱིས་ཚེས10ཉིན་ཨ་རིའི་རྒྱལ་དོན་འགོ་འཛིན་པུའུ་ལིན་ཁེན་ལ་ཁ་པར་བཏང་ནས། ཕྱོགས་གཉིས་ཀྱིས་སི་རི་ཡའི་དབང་ཆ་ངེས་པར་ཞི་བས་རྩིས་སྤྲོད་བྱེད་དགོས་པ་ནན་གྱིས་བསྟན།
ཅོར་ཏན་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་ངེས་པར་དུ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ཨང2254གཞིར་བཟུང་སྟེ། དཀྱེལ་ཡངས་རང་བཞིན་གྱི་ཆབ་སྲིད་འཕེལ་རིམ་བརྒྱུད་དེ། སི་རི་ཡའི་དབང་ཆ་ཞི་བས་རྩིས་སྤྲོད་བྱེད་ཅིང་། སི་རི་ཡའི་གཅིག་གྱུར་དང་མཐུན་སྒྲིལ། བདེ་འཇགས། བརྟན་བརླིང་། བདག་དབང་བཅས་ལ་སྲུང་སྐྱོབ་བྱེད་པ་དང་སི་རི་ཡའི་མི་དམངས་ཀྱི་རེ་འདུན་སྐོང་བ་དང་། ཁོ་ཚོའི་བདེ་འཇགས་ལ་ཁག་ཐེག་བྱས་ཏེ། མི་སེར་རང་འདོད་ཀྱིས་ཕྱིར་ལོག་པར་ཆ་རྐྱེན་བསྐྲུན་དགོས་པ་ནན་གྱིས་བསྟན། ཕྱོགས་གཉིས་ཀྱིས་ངེས་པར་དུ་འཇིགས་སྐུལ་རང་ལུགས་ལ་རྡུང་རྡེག་གཏོང་བའི་བྱེད་ཐབས་ལ་ཤུགས་སྣོན་དགོས་པ་ནན་གྱིས་བསྟན།
སཱ་ཧྥ་ཏིས་ཀྱིས་ཡང་བསྐྱར་བསྟན་དོན། ཅོར་ཏན་གྱིས་དབྱི་སི་རལ་གྱིས་སི་རི་ཡའི་མངའ་ཁོངས་བཙན་བཟུང་བྱེད་པའི་བྱ་སྤྱོད་ལ་རྒོལ་གཏམ་བཏང་བ་དང་། དེ་རྒྱལ་སྤྱིའི་བཅའ་ཁྲིམས་དང་འགལ་བར་འདོད་ཅིང་། ཉེན་ཁ་ཇེ་ཆེར་གཏོང་བའི་བྱ་སྤྱོད་ཅིག་ཡོད་པར་བསྟན།
ལྷ་མོ་འཚོས་བསྒྱུར།