ཨ་རིའི་རྒྱལ་སྲུང་པུའུ་ཀྲང་གིས་ཨ་རི་དང་དབྱི་སི་རལ་གཉིས་ཀྱིས་ངེས་པར་དུ་སུ་རུ་ཡའི་གནས་བབས་སྐོར་ལ་གྲོས་མོལ་དམ་ཟབ་བྱེད་པ་རྒྱུན་འཁྱོངས་བྱེད་དགོས་ཟེར།
2024.12.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 54

ཚེས11ཉིན།   ཨ་རིའི་རྒྱལ་སྲུང་པུའུ་ཀྲང་ཨོ་སི་ཏིན་གྱིས་དབྱི་སི་རལ་རྒྱལ་སྲུང་པུའུ་ཀྲང་ཁ་ཚི་ལ་ཁ་པར་གྱི་ལམ་ནས་   ཨ་རི་དང་དབྱི་སི་རལ་གཉིས་ཀྱིས་སི་རི་ཡའི་གནས་བབས་སྐོར་ལ་གྲོས་མོལ་དམ་ཟབ་བྱེད་པ་རྒྱུན་འཁྱོངས་བྱེད་པའི་གལ་ཆེན་རང་བཞིན་ནན་བཤད་བྱས།

ཨ་རིས་རྒྱལ་སྲུང་པུའུ་ཡི་གཏམ་བཤད་མཁན་གཞོན་པ་ས་པོ་ལེ་ན་ཞིན་ཀུ་ཡིས་ཉིན་དེའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་།    སྨྱན་བྱད་ཁག་ལ་ཨ་རི་དང་དབྱི་སི་རལ་གཉིས་ཀྱི་རྒྱལ་སྲུང་པུའུ་ཀྲང་གིས་ཁ་པར་བཏང་བའི་གནས་ཚུལ་ཁྱབ་སྤེལ་བྱས།   མོས་བཤད་རྒྱུར།  ཨོ་སི་ཏིན་གྱིས་ཁ་པར་གྱི་ལམ་ནས་བསྟན་དོན།  ཨ་རིས་སི་རི་ཡའི་གནས་བབ་ལ་མུ་མཐུད་དུ་ལྟ་སྐུལ་ཚོད་འཛིན་བྱེད་རྒྱུ་ཡིན་ལ།   ཞི་བདེ་དང་ཀུ་ཡངས་རང་བཞིན་གྱིས་ཆབ་སྲིད་བར་བརྒལ་གོ་རིམ་ལ་རྒྱབ་སྐྱོར་བྱེད་རྒྱུ་དང་།   ཨ་རིས་མུ་མཐུད་དུ་ཐལ་སྐྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ལ་རྡུབ་རྡེག་བཏང་ནས།  དབྱི་སི་ལན་གྱིས་སི་རི་ཡའི་རྒྱལ་ཁོངས་ནས་མངའ་ཁོངས་བསྐྱར་འཛུགས་བྱེད་པར་བཀག་འགོག་བྱེད་རྒྱུ་ཡིན་ཟེར།

དབྱི་ལང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་ཀྱི་གསར་འགྱུར་ཁང་གིས་ཚེས11ཉིན་སྤེལ་བའི་གསར་འགྱུར་ལྟར་ན།   དབྱི་ལང་གི་ཆེས་མཐོའི་གཙོ་འཛིན་ཧ་མེ་ནེ་ཡེ་ཡིས་བསྟན་དོན།  སི་རི་ཡའི་དོན་རྐྱེན་ནི་གཙོ་བོ་ཨ་རི་དང་དབྱི་སི་ལན་གཉིས་ཀྱིས་མཉམ་དུ་ཇུས་འགོད་བྱས་པ་ཡིན་ལ།  སུ་རུ་ཡའི་འཐབ་འཛིང་ནང་ཞུགས་པའི་ཕྱོགས་སོ་སོར་མི་གཅིག་པའི་དམིགས་འབེན་ཡོད་མོད།  འོན་ཀྱང་ཁོ་ཚོའི་དམིགས་འབེན་མངོན་འགྱུར་བྱེད་མི་ཐུབ་པ་དུས་ཚོད་ཀྱིས་ར་སྤྲོད་བྱེད་ཐུབ་པའི་རྟགས་མཚན་མངོན་ཡོད་ཟེར།

ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།