ཟླ12པའི་ཚེས12ཉིན་ནས་ཚེས14ཉིན་བར། ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་ཡི་པུའུ་ཀྲང་གཞོན་པ་མཱ་ཧུའེ་ཡིས་ཀྲུང་གུང་འཐུས་ཚབ་ཚོགས་པའི་སྣེ་ཁྲིད་དེ་མ་ལེ་ཞི་ཡར་འཚམས་འདྲི་བྱས་ཤིང་། སྐབས་ལྔ་པའི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་ཀྲུང་གོ་དང་མཱ་ལེ་ཞི་ཡའི་བཟོ་ཚོང་ལས་རིགས་ཀྱི་གྲོས་མོལ་ཚོགས་འདུར་ཞུགས་པར་མ་ཟད། མཱ་ལེ་ཞི་ཡའི་སྲིད་དོན་ཚོང་དོན་ལས་རིགས་ཀྱི་འགན་ཁུར་མི་སྣར་ཐུག་འཕྲད་དང་བརྗེ་རེས་བྱས། མཱ་ཧའེ་ཡིས་བསྟན་དོན། ཀྲུང་གོའི་ཕྱོགས་ཀྱིས་མ་ལེ་ཞི་ཡ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པའི་ཐུན་མོང་ངོས་འཛིན་གལ་ཆེན་དངོས་འབེབས་ལེགས་པོ་བྱེད་ཅིང་། ཆུ་ཚད་མཐོ་བའི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་གཏོང་བ་དང་། དུས་རྣམ་ཀུན་གྱི་གཉིས་ཕན་མཉམ་ལས་ཟབ་སྤེལ་བྱས་ཏེ། ས་ཁུལ་བརྟན་བརླིང་དར་རྒྱས་འགྲོ་བར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་འདོད་ཡོད་ཟེར། མ་ལེ་ཞི་ཡའི་ཕྱོགས་ཀྱིས་བསྟན་དོན། ཏང་བར་གྱི་བྱེད་ཐབས་བརྒྱུད་དེ་ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་ལ་སྐུལ་འདེད་བཏང་ནས། ཀྲུང་གོ་དང་མ་ལེ་ཞི་ཡའི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་དུ་བསྐྲུན་འདོད་ཡོད་ཟེར།
ལྷ་མོ་འཚོས་བསྒྱུར།